ཧུའུ་ཁྲང་ཧྲེང་གིས་རྟའུ་རྫོང་གི་གྲོང་གསར་འཛུགས་སྐྲུན་འཆར་འགོད་ལ་བརྟག་དཔྱད་ཞིབ་འཇུག་གནང་།

(ལྷ་འཛོམས་ཀྱིས་བསྒྱུར།)        2012-10-11

ཉེ་ཆར།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་རྟའུ་རྫོང་དུ་ཕེབས་ནས་རྟའུ་རྫོང་གི་གྲོང་གསར་འཆར་འགོད་ལ་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ།དྲུང་ཡིག་ཆེན་མོ།རྟའུ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཞུས་ཀྲི་ཝུན་གྱིས་བརྟག་དཔྱད་ཞིབ་འཇུག་བྱེད་སར་ཕེབས་རོགས་གནང་བ་རེད།
ཧུའུ་ཁྲང་ཧྲེང་རྟའུ་རྫོང་གི་གྲོང་གསར་འཆར་འགོད་ཀྱི་ཡུལ་དངོས་སུ་ཕེབས་ནས་རྟའུ་རྫོང་གི་གྲོང་གསར་གྱི་འཆར་འགོད་ལ་ཆ་རྒྱུས་ཞིབ་མོ་བླངས་རྗེས་རྟའུ་རྫོང་གི་འཆར་འགོད་དང་འཕེལ་རྒྱས་ཀྱི་གནས་ཐང་གཏན་ཁེལ་ལ་ཁས་ལེན་གང་ལེགས་གནང་ཡོད།རྟའུ་རྫོང་གིས་གནས་ཚུལ་སྙན་སེང་ཞུས་པར་གསན་རྗེས་ཧུའུ་ཧྲུའུ་ཅི་ལགས་ཀྱིས་རྟའུ་རྫོང་གི་འབྱུང་འགྱུར་ལ་ཡིད་ཆེས་ཁེངས་པ་རེད།ཁོང་གིས་ནན་གསུང་གནང་རྒྱུར།གྲོང་ཁུལ་འཛུགས་སྐྲུན་ལ་དང་ཐོག་འཆར་འགོད་བཀོད་སྒྲིག་ཡག་མོ་བྱས་ནས་རྟའུ་རྫོང་གི་གནས་ཐིག་གཏན་ཁེལ་དེ་ལྗོངས་རྒྱུའི་མཚན་ཉིད་ལ་དམིགས་ནས་འདོན་དགོས་པ་དང་།གྲོང་ཁུལ་གྱི་ནུས་པ་དེ་ལྗོངས་རྒྱུར་དམིགས་ནས་ཇུས་འགོད་བྱས་ཏེ་མི་སེར་ལ་འཚོ་བ་སྐྱིད་པོ་རོལ་དུ་འཇུག་རྒྱུ་དང་།རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་རྣམས་ལ་དུས་རབས་གསར་པའི་ཀྲུང་གོ་བོད་མིའི་སྡོད་ཁང་སྒྱུ་རྩལ་ཁྱད་ཆོས་ཀྱི་བག་ཆགས་འཇོག་ཐུབ་པ་བྱེད་དགོས།
  • ལེ་ཚན་སྔོན་མ།:རིག་རྩལ་གཞི་རིམ་དུ་སྐྱེལ་བའི་འཁྲབ་སྟོན་རུ་ཁག་གིས་དཔལ་ཡུལ་རྫོང་འབའ་ཆུང་ཤང་མགར་ཚང་གྲོང་ཚོར་འཁྲབ་སྟོན་བ
  • ལེ་ཚན་རྗེས་མ།:ལོ་ངོ་བརྒྱ་ཡི་རེ་འབྲས་སྨིན་པའི་ཉིན་མོ།
  • དོ་སྣང་ཆེ་བའི་རྩོམ།