ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་ཀའི་སྐུལ་འདེད་གྲོས་ཚོགས་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2014-06-05

ཉེ་ཆར།ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་ཀའི་སྐུལ་འདེད་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་།ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱམས་བློས་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་བ་རེད།
    བྱམས་བློས་བསྟན་དོན།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་དམིགས་ཡུལ་གསར་པས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུར་འགན་འཁྲི་དེ་བས་ཆེན་པོ་སྤྲོད་ཡོད་པ་དང་།ཕྱོགས་ཡོངས་ནས་སྤྱི་དམངས་ཡོངས་ཀྱི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏང་རྒྱུའི་གཞི་རྩའི་ལས་འགན་གྱིས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུར་ཚད་གཞི་དེ་བས་མཐོན་པོ་བཏོན་པ་རེད།མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་བསྐྲུན་པར་སྒུལ་ཤུགས་ཆེན་པོ་འགྲིམ་དགོས་ན་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། 
    བྱམས་བློས་ཐུགས་རེ་གནང་རྒྱུར།བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་སྐབས་དམིགས་ཡུལ་ལ་དམ་པོ་དམིགས་ནས་བསམ་བློའི་རྨང་གཞི་བརྟན་པོ་འདིང་བ།དོན་དངོས་མང་པོ་སྒྲུབ་པ།ཕན་འབྲས་ཐོབ་པར་བརྩོན་ལེན་བྱས་ཏེ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས།ལྟེ་གནས་ལ་དམིགས་ནས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་མི་གཙོ་བོར་འཛིན་ནས་གསར་འཛུགས།གཞི་རིམ་ལ་བརྟེན་ནས་གསར་འཛུགས་བཅས་བྱེད་དགོས།སྔོན་ཐོན་ལ་མིག་དཔེ་བལྟས་ནས་སྙིང་སྟོབས་ཆེ་སྐྱེད་ཀྱི་བསམ་བློའི་རྣམ་པ་དང་།བདེན་འཚོལ་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་འཛིན་ནས་ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས།
    གྲོས་ཚོགས་ཐོག་རང་ཁུལ་གྱི་སྐབས་གསུམ་པའི་ཞིང་ཆེན་རིམ་པའི་ཡ་རབས་ཚུལ་ལྡན་གྱི་གྲོང་ཁྱེར་དང་ཡ་རབས་ཚུལ་ལྡན་གྱི་སྡེ་ཚན།ཡ་རབས་ཚུལ་ལྡན་གྱི་གྲོང་སྡེ་བཅས་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་སྡེ་ཚན20ལ་གཟི་བརྗིད་མཚན་སྙན་གནང་བ་རེད།     
  • ལེ་ཚན་སྔོན་མ།: དཀར་མཛེས་རྫོང་གིས་ཁྲིམས་སྲུང་རིག་གནས་ཁྱབ་སྤེལ་བྱས།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིས་བསམ་འདུན་གྱི་མགྱོགས་སྐྱོད་རླངས་འཁོར་ཞེས་པའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།