གྲོང་གསེབ་གཉེན་མཛའི་ས་ཚུགས་ཀྱིས་མང་ཚོགས་ཀྱི་དཀའ་གནད་སེལ།

བདེ་སྐྱིད།        2014-12-23

ཉེ་ཆར།ཟླ་བ10པར་བརྒྱད་ཟིལ་རྫོང་ན་ཆུ་ཤང་དུ་བྱ་སྤྱོད་སྣ་ཚོགས་སྤེལ་ཆོག་པའི་གཉེན་མཛའི་ས་ཚུགས་ཞེས་པའི་བྱ་སྤྱོད་ཁང་བཙུགས་ནས་མང་ཚོགས་ཀྱི་བསྟོད་བསྔགས་ཐོབ་པ་རེད།གཉེན་མཛའི་ས་ཚུགས་འདིའི་བཀོད་སྒྲིག་བྱེད་སྟངས་ཡག་པ་དང་དགོས་ཆས་སྣ་ཁ་ཚང་བ། ལམ་ལུགས་ཡང་ཆ་ཚང་བས་མ་ཚད། མང་ཚོགས་ཀྱི་ཁྱིམ་དོན་གྱི་སེམས་ནད་དངོས་གནས་ཐག་གཅོད་བྱས་པ་རེད།
ན་ཆུ་ཤང་ཆོས་རིང་གྲོང་སྡེ་ནི་རྒྱང་རིང་ལུང་ཁུག་ཏུ་གནས་ཤིང་ཁྱིམ་སྲུང་བྱིས་པ་ཧ་ཅང་མང་། སློབ་མ་མང་པོ་སློབ་གྲྭ་གྲོལ་དུས་སྲན་ཕུང་ཐོར་བ་ལྟར་དོ་དམ་བྱེད་མཁན་མེད་པས།བྱིས་པ་ཚོའི་བདེ་སྲུང་ལ་མངོན་མེད་ཉེན་ཁ་བྱུང་བ་དང་ཆབས་ཅིག་ཁྱིམ་བདག་གི་སེམས་ཁྲལ་ཡང་ཧ་ཅང་ཆེ།ཏང་གིས་དམངས་འཚོར་དོ་སྣང་བྱས་ནས་ལས་དངོས་སྒྲུབ་པའི་དམིགས་ཡུལ་ལག་ལེན་བསྟར་ཆེད་ན་ཆུ་ཤང་གིས་ས་གནས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།གྲོང་གསེབ་ཀྱི་བྱེད་སྒོ་སྤེལ་ཁང་བེད་སྤྱོད་དེ་བྱིས་པ་ཚོས་སློབ་གསེང་སློབ་སྦྱོང་བྱ་རྒྱུ་དང་བྱེད་སྒོ་སྤེལ་ས་གསར་འཛུགས་བྱས་ནས།བྱིས་པ་ཚོ་སློབ་གྲྭ་གྲོལ་དུས་དོ་དམ་བྱེད་མཁན་མེད་པ་དང་སློབ་གསོའི་དཀའ་གནད་རྩ་བ་ནས་ཐག་གཅོད་བྱས་པ་རེད།དེས་མི་ཚད་ཤང་ཏང་ཨུ་དང་སྲིད་གཞུང་གིས་མི་དར་མ་དང་མི་རྒན་པ་རྩ་འཛུགས་བྱས་ནས་ཐང་ཆེན་ཐོག་ཞབས་བྲོ་བརྒྱབ་ནས་ལུས་པོ་སྦྱོང་བརྡར་བྱས་པ་དང་།བྱེད་སྒོ་ཁང་གི་ཕྱིའི་དོ་ར་དེ་གྲོང་གསེབ་ཀྱི་གར་སྟེགས་ཆེན་པོ་ཞིག་བསྒྱུར་ནས་མཛེས་ལྗོངས་ཤིག་ཆགས་པ་རེད།རྣམ་པ་འདྲ་མིན་སྣ་ཚོགས་དང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོས་ཉེ་མཛའི་ས་ཚུགས་དེ་རིམ་བཞིན་ན་ཆུ་ཤང་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་ཤེས་བྱ་ཁྱབ་སྤེལ་ལྟེ་གནས་དང་རོལ་རྩེད་ལྟེ་གནས། བདེ་ཐང་ལྟེ་གནས་བཅས་ཆགས་བཞིན་ཡོད། 
  • ལེ་ཚན་སྔོན་མ།:བྱང་ལི་ཐང་དུ་གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར་བྱུང་།
  • ལེ་ཚན་རྗེས་མ།:བརྗེད་དཀའ་བའི་ལྷན་འཛོམས་ཀྱི་དུས་ཤིག
  • དོ་སྣང་ཆེ་བའི་རྩོམ།