སེམས་ཀྱི་ཉི་ཟླ་རྫོང་གིས་ཧུར་ཐག་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་བཏང་བ།

དབྱངས་ཅན་ལྷ་མོ།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-03-21

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2013ལོར།སེམས་ཀྱི་ཉི་ཟླ་རྫོང་གིས་རྣམ་གྲངས་འཛུགས་སྐྲུན་དེ་སྤྱིའི་འཆང་གཟུང་དུ་བྱེད་པའི་ལས་ཀའི་བསམ་ལམ་རྒྱུན་འཁྱོངས་བྱས་ཤིང་།མ་དངུལ་གྱི་སྐུལ་ཁྲིད་ནུས་ཤུགས་ཇེ་ཆེར་བཏང་སྟེ།རྒྱུན་ཆད་མེད་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་བཏང་བ་རེད།
       ལོ་གཅིག་གི་རིང་ལ།སེམས་ཀྱི་ཉི་ཟླ་རྫོང་གིས་རྣམ་གྲངས་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ།གཅིག་ནི་འགྲིམ་འགྲུལ་རྣམ་གྲངས་ཀྱི་ལག་སྟར་བྱེད་རྒྱུ་གཙོ་བོར་སྐུལ་སྤེལ་བྱས་ནས།སེམས་ཀྱི་ཉི་ཟླ་ནས་འདབ་པའི་བར་གྱི་གཞུང་ལམ་དང་ཏེན་ཁྲོན་ལམ་ཆེན།སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་ཉི་ཤར་ནས་མཐའ་ཆུ་བར་གཞུང་ལམ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ།གྲོང་གསེབ་གཞུང་ལམ་གྱི་ཤར་སྐྱོད་ནུས་ཤུགས་ལེགས་བཅོས་ཇེ་མགྱོགས་སུ་བཏང་ཞིང་།དམའ་ལུང་གཞུང་ལམ་དང་།སེམས་ཀྱི་ཉི་ཟླ་ནས་དམའ་ལུང་བར་གྱི་གཞུང་ལམ་གྱི་ཕར་ལམ་གཞུང་ལམ་དང་རིགས་ལྔ་གནས་ཉེ་འཁོར་གྱི་གྲོང་གསེབ་སྣུམ་ཞལ་ལམ་བུ་ཡོངས་སུ་གྲུབ་པ་དང་།གཏེར་མ་རོང་གཞུང་ལམ་དང་།མྱི་ཟུར་གཞུང་ལམ་བཅས་རྣམ་གྲངས་འཛུགས་སྐྲུན་བྱས་ཟིན་པ།གཉིས་ནི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ།གྲོང་ཁྱེར་གྱི་དོ་དམ་ལས་ཀ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཞིང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་དང་།གྲོང་ཁྱེར་གྱི་དོ་དམ་ལས་ཀ་ཇེ་དྲག་ཏུ་བཏང་ཡོད།རྫོང་མཁར་བྱང་ཤར་ས་རྒྱུད་ཀྱི་སྲིད་འཛིན་སྟེ་གནས་དང་གྲོང་ཁྱེར་གཞུང་ལམ་ཁག་7འཛུགས་སྐྲུན་བྱས་ཟིན་པ་དང།ཨང་གཉིས་པའི་ཆུ་སྙིགས་དྭངས་བཟོའི་བཟོ་གྲྭ་དང་དེའི་སྒྲིག་ཆས་འཛུགས་སྐྲུན་ཨར་ལས།གྲོང་ཁྱེར་ཁོར་ཡུག་གི་ཕྱོགས་བསྡུས་བདག་སྐྱོང་བཅས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དང་།སྤྱི་པའི་གླ་གཏོང་ཁང་པ་400བསྒྱུར་བཀོད་བྱས་པ།གླ་ཁེའི་ཁང་པ་1100གྲོང་གསེབ་ཀྱི་ཉེན་ལྡན་ཁང་པའི་བསྒྱུར་བཀོད་བྱས་པ།ས་ཡོམ་གྱི་བདེ་སྡོད་ཁང་པ་2500ཡི་འཛུགས་སྐྲུན་ལས་གྲྭ་གྲུབ་ཟིན་པ་རེད།ལོ་ནང་དུ་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་13.86ཟིན་པ།ཕྱོགས་ཀུན་ནས་གྲོང་ཁྱེར་ལྗང་འགྱུར་དང་མཛེས་འགྱུར།གཙང་འགྱུར།གསལ་པོར་འགྱུར་བའི་ལས་ཀ་ཇེ་དྲག་ཏུ་བཏང་ནས།གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གི་གཙང་སྦྲ་མངོན་གསལ་དུ་ལེགས་བཅོས་བྱས་པ།གསུམ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས།རིམ་གྱིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ།སྲིད་འཛིན་གྲོང་སྡེ་61དང་རང་བྱུང་གྲོང་སྡེ་546འཆར་འགོད་བྱས་ཚར་ཞིང་།ཧུར་ཐག་གིས་ཁྱད་ལྡན་གྱི་གྲོང་རྡལ་འཆར་འགོད་བྱས་པ་རེད།
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་ས་འགུལ་རྗེས་ཀྱི་གནོད་ཕྱིའི་བསྐྱར་སྐྲུན་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་གསོ་སྦྱོང་བྱས་ཏེ་ཞིང་བའི་བྱང་ཚད་མཐོར་འདེགས་སུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།