ད་ལོར་བདེ་ཆེན་ཁུལ་གྱིས་ནགས་ཚལ་དཔལ་འབྱོར་གྱི་འཆར་འགོད་ལག་བསྟར་བྱེད་རྒྱུ་ཡིན་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-01-17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཅུས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་གྱིས་ནགས་ཚལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་གོ་སྐབས་འཛིན་པ་དང་། མ་དངུལ་གྲབས་གསོག་བྱས་པ། ནན་ཏན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་ཐབས་ཇུས་ལག་བསྟར་བྱས་པ། ནགས་ཚལ་དཔལ་འབྱོར་ཕུན་སུམ་ཚོགས་པའི་གནས་བབ་ཡག་པོ་འདོན་སྤེལ་བྱས་ཏེ། རྒྱ་ཆེ་བའི་ནགས་སྐྱོང་ཞིང་པའི་ཡོང་འབབ་མཐོ་རུ་འཕར་ཞིང་། ཞིང་ཆེན་ཡོངས་ལས་ཨང་དང་པོར་ནགས་ཚལ་དཔལ་འབྱོར་གྱི་འཆར་འགོད་ལེགས་འགྲུབ་བྱུང་བ་རེད།
བདེ་ཆེན་ཁུལ་ནགས་ཚལ་དཔལ་འབྱོར་གྱི་འཆར་འགོད་ནི2013ལོའི་ཟླ7པར་ཞིང་ཆེན་ནགས་ལས་ཐིང་གིས་སྒྲིག་འཛུགས་བྱས་པའི་ཞིབ་དཔྱད་ཐོག་ཁས་བླངས་ནས། གྲོས་ཚོགས་སུ་ཞུགས་པའི་ཆེད་ལས་མཁས་པས་བཏོན་པས་བསམ་འཆར་ལ་གཞིགས་ཏེ། ཡང་བསྐྱར་ཞིབ་ཕྲའི་བཟོ་བཅོས་བྱས་ཤིང་། 2013ལོའི་ཟླ12པའི་ཚེས30ཉིན་དུ་དངོས་སུ་པར་བརྒྱབ་ཅིང་། ད་ལོརདངོས་སུ་ལག་བསྟར་བྱས་ཡོད།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་གཞུང་འཛུགས་སྨན་ཁང་གི་བཅོས་བསྒྱུར་མགྱོགས་སུ་བཏང་བ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་ལ་མེ་སྐྱོན་ཤོར་བར་སྤྱི་ཕན་འཁྲབ་སྟོན་བྱ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།