ཀྲུང་གོ་བོད་ཀྱི་དྲ་བ། 2013-12-20
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12ནི་ལོ་རེའི་ཐེངས་གཅིག་ལ་སྤེལ་བའི་ཁྲིམས་ལུགས་དྲིལ་བསྒྲགས་ཟླ་འཁོར་ཡིན་པ་དང་། ཉིན་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ཁྲིམས་ལུགས་ཁྱབ་སྤེལ་སྡེ་ཁག་སོ་སོས་ཧུར་ཐག་སྒོས་བྱ་འགུལ་ལ་རྒྱབ་སྐྱོར་བྱས་པ་དང་སྡེ་ཁག་སོ་སོའི་དོན་དངོས་ལ་གཞིར་བཟུང་ནས ཁྲིམས་ལུགས་དྲིལ་བསྒྲགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། སྔར་ལས་ལྷག་པར་རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མཐོར་འདེགས་བྱུང་།
རྒྱུས་ལོན་པ་ལྟར་ན། ཁྲིམས་ལུགས་དྲིལ་བསྒྲགས་ཟླ་འཁོར་བྱ་འགུལ་ལས་ཕན་བདེ་མངོན་གསལ་ཐོབ་ཆེན། སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུའི་ཁྲིམས་ལུགས་ཁྱབ་སྤེལ་གཞུང་སྒྲུབ་ཁང་གིས་དུས་ལྟར《སེམས་ཀྱི་ཉི་ཟླ་རྫོང་གི2013ལོའི“12·4”རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཟླ་འཁོར་ལ་ཞུགས་པའི་བརྡ་ཐོ》འགྲེམ་སྤེལ་བྱས་ཤིང་། བྱ་འགུལ་གྱི་བརྗོད་དོན་དང་མཛུབ་སྟོན་བསམ་བློ། དུས་ཚོད་ཀྱི་བཀོད་སྒྲིག དྲིལ་བསྒྲགས་གཙོ་གནད་སོགས་གཏན་འཁེལ་བྱས།
བྱ་འགུལ་ཁྲོད། སེམས་ཀྱི་ཉི་ཟླ་རྫོང་གི་ཤང་དང་གྲོང་རྡལ་སོ་སོས་ནང་དོན་ཕུན་སུམ་ཚོགས་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། སྔར་ལས་ལྷག་པར་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མཐོར་འདེགས་བྱུང་བ་མ་ཟད། རང་རྟོགས་སྒོས་ཁྲིམས་ལུགས་བརྩི་སྲུང་དང་བེད་སྤྱོད་བྱེད་པའི་འདུ་ཤེས་མཐོར་འདེགས་བྱུང་། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10