བདེ་ཆེན་གནམ་གཤིས་ཚན་རྩལ་གྱིས་ལྕགས་ལམ་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2013-11-13

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གནམ་གཤིས་ཚན་རྩལ་ཞབས་འདེགས་ལྟེ་གནས་ཀྱིས་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་དང《ལག་རྩལ་ཞབས་འདེགས་ཆིངས་ཡིག》བཞག་ནས། བདེ་ཆེན་གནམ་གཤིས་ཀྱིས་ཚན་རྩལ་ཞབས་འདེགས་གཞུང་ལམ་དང་ལྕགས་ལམ་འཛུགས་སྐྲུན་ལ་ཁྱབ་པ་རེད།

2012ལོའི་ལོ་མཇུག་ནས་བཟུང་། བདེ་ཆེན་ཁུལ་གནམ་གཤིས་ཚན་རྩལ་ཞབས་འདེགས་ལྟེ་གནས་ཀྱིས་ལྷོ་ནུབ་འགྲིམ་འགྲུལ་ལྟེ་གནས་དང་མཉམ་དུ་ས་ཐང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་འབྲི་ཆུ་དང་སྟག་མཆོང་གྲོག་རོང་གི་འབྲི་ཆུ་ལས་བརྒལ་ཟམ་ཆེན་གྱི་རླུང་གི་ལྟ་དཔྱད་ཉམས་ཞིབ་ཁང་འཛུགས་པའི་ཐད་ལ་གྲོས་བསྡུར་ཐེངས་མང་བྱས་ཡོད། 2013ལོའི་ཟླ11པར། ཕྱོགས་གཉིས་ཀྱིས་བསམ་འཆར་གཅིག་གྱུར་བྱས་ནས།ས་ཐང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་འབྲི་ཆུ་དང་སྟག་མཆོང་གྲོག་རོང་གི་འབྲི་ཆུ་ལས་བརྒལ་བའི་ཟམ་ཆེན་གྱི་རླུང་གི་ལྟ་དཔྱད་ཉམས་ཞིབ་ཁང་འཛུགས་པ་དང་རླུང་གི་ལྟ་དཔྱད་ཞིབ་འཇུག་གི《ལག་རྩལ་ཞབས་འདེགས་ཆིངས་ཡིག》བཞག་པ་རེད།

་བདེ་ཆེན་ཁུལ་གནམ་གཤིས་ཚན་རྩལ་ཞབས་འདེགས་ལྟེ་གནས་ཀྱིས་《ལག་རྩལ་ཞབས་འདེགས་ཆིངས་ཡིག》གི་བླང་བྱ་ལ་གཞིགས་ནས།ས་ཐང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་གྱི་འབྲི་ཆུ་དང་སྟག་མཆོང་གྲོག་རོང་བྲི་ཆུ་ལས་བརྒལ་བའི་ཟམ་ཆེན་རླུང་གི་ལྟ་དཔྱད་ཉམས་ཞིབ་ཁང་འཛུགས་པ་དང་རླུང་གི་ལྟ་དཔྱད་ཞིབ་འཇུག་བྱེད་པའི་ལས་འགན་སྒྲུབ་པ། ད་དུང་མཉམ་ལས་བྱས་ནས། བདེ་ཆེན་གནམ་གཤིས་ཀྱིས་ས་ཐང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དང་ས་ཐང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ཀྱི་རྒྱལ་ཁབ་ཀྱི་གནད་ཆེའི་ལས་གྲྭ་འཛུགས་པའི་ནུས་ཤུགས་མཐོ་རུ་གཏོང་རྒྱུ་རེད།  ། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་དབྱི་ལིང་དབྱི་ཟི་ལན་གྲོས་ཁང་གི་གྲོས་དཔོན་ལ་ལིས་ཅ་ཉི་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།: ཡུན་ནན་འཇང་ས་དམ་ལ་ལྗོངས་རྒྱུ་ལས་རིགས་དར།
  • དོ་སྣང་ཆེ་བའི་རྩོམ།