བདེ་ཆེན་རྫོང་གི་སྤྱི་ཚོགས་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-10-31

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་རྫོང་ཡོངས་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།  རྒྱལ་ནང་གི་དཔལ་འབྱོར་ཁོར་ཡུག་འགྱུར་ལྡོག་གསར་བ་དང་།  བོད་ཁུལ་བདེ་འཇགས་བྱ་བའི་གནས་ཚུལ་གསར་བ་དང་།  ས་འགུལ་གནོད་འཚེ་སོགས་ཛ་དྲག་ཡིན་པའི་གནས་བབ་ཧུར་ཐག་སྒོས་ཐག་གཅོད་བྱས་པ་བརྒྱུད། དཔལ་འབྱོར་དང་ཐོན་ལས།  དམངས་འཚོ།  སྤྱི་ཚོགས་འཆམ་མཐུན་བདེ་འཇགས་བཅས་ཀྱི་ཐད་ནས་རྣམ་པ་གསར་བ་མངོན། སྤྱི་ཟླ་དང་པོ་ནས་སྤྱི་ཟླ9བའི་བར། སྔོན་རྩིས་ལྟར་ན་རྫོང་ཡོངས་ཀྱི་ས་གནས་ཐོན་སྐྱེད་ཀྱི་སྤྱི་འབོར་སྒོར་ཁྲི129755ལེགས་འགྲུབ་འབྱུང་ངེས་པ་དང་།  དུས་མཉམ་ལས17.2%ཡར་འཕར་ཐུབ། གཞི་རྒྱ་ཆེ་བའི་གཏན་འཇགས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར27.1ལེགས་འགྲུབ་འབྱུང་ངེས་པ་དང་།  དུས་མཉམ་ལས20.52%ཡར་འཕར་ཐུབ། ས་གནས་སྤྱི་སྤྱོད་ནོར་སྲིད་ཕྱོགས་ཀྱི་ཡོང་སྒོ་སྒོར་ཁྲི7461མངོན་འགྱུར་འབྱུང་ངེས་པ་དང་།  དུས་མཉམ་ལས1.8%ཡར་འཕར་ཐུབ།  སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཕྱི་ཚོང་བྱེད་པའི་སྤྱི་འབོར་སྒོར་ཁྲི21941ལེགས་འགྲུབ་འབྱུང་ངེས་པ་དང་།  དུས་མཉམ་ལས21%ཡར་འཕར་ཐུབ།  ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར7.5ནང་འདྲེན་བྱེད་ངེས་ཤིང་།  དུས་མཉམ་ལས52%ཡར་འཕར་ཐུབ།  མཁར་གྲོང་སྡོད་དམངས་ཀྱི་མི་རེས་ཆ་སྙོམས་སུ་འཛད་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར་ཁྲི18801ལ་བསླེབ་ངེས་པ་དང་།  ཞིང་བ་མི་རེའི་ཆ་སྙོམས་ལག་དངུལ་ཡོང་སྒོ་སྒོར3883ལ་བསླེབ་ངེས།  །

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གཉིས་པས་སློབ་གྲྭའི་གླུ་དབྱངས་མཉམ་ལེན་འགྲན་བསྡུར་བྱས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་སྐབས་གསུམ་པའི“གླུ་གར་གསར་བའི”འགྲེམ་སྟོན་ཚེས29ཉིན་སྤེལ་འགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།