སེམས་ཀྱི་ཉི་ཟླ་རྫོང་གི་ལིང་ཏོག་ནད་པ37གྱིས་ཡང་བསྐྱར་འོད་ཟེར་མཐོང་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-08-21

སེམས་ཀྱི་ཉི་ཟླ་རྫོང་གི་ལིང་ཏོག་ནད་པ37གྱིས་ཡང་བསྐྱར་འོད་ཟེར་མཐོང་བ།

ཉེ་སྔོན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྟག་མཆོང་གྲོག་རོང་གྲོང་རྡལ་དང་ཅིན་ཅང་གྲོང་རྡལ།  ཧྲང་ཅང་ཤང་དང་ཝུ་ཅིན་ཤང་བཅས་ཀྱི་ལིང་ཏོག་ནད་པ37གྱིས་ཅིན་ཅང་གྲོང་རྡལ་འཕྲོད་བསྟེན་གླིང་དུ་རིན་མི་དགོས་པར་བཤགས་བཅོས་དང་ལེན་བྱས།

 ཐེངས་འདིའི་ལིང་ཏོག་ནད་གཞི་སླར་གསོ་བྱེད་པའི་བྱ་འགུལ་ནི་རྫོང་དཔོན་གྱིས་སྣེ་ཁྲིད་པ་དང་།  ཀྲའེ་ཅང་ཅ་ཞིནLPསློབ་གྲོགས་ཚོགས་པ་སྙིང་རྗེ་རྩ་འཛུགས་ཀྱིས་རྒྱབ་སྐྱོར་བྱས་པ་དང་།  རྫོང་དང་གྲོང་རྡལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་སྒྲུབ་པའི་རིན་མི་དགོས་པར་མིག་ནད་གསོ་བཅོས་བྱེད་པའི་བྱ་འགུལ་ཞིག་ཡིན།  རྫོང་དང་གྲོང་རྡལ་རིམ་པའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོ་འགོད་བྱས་པ་བརྒྱུད། ལིང་ཏོག་ནད་པ་སོ་སོའི་ཁྱིམ་ཚང་གི་སྡོད་གནས་དང་གནས་ཚུལ་ངོ་མ་གཏན་འབེབས་བྱས།  ཞིབ་བཤེར་བྱས་པར་བརྟེན་བསྡོམས་པས་ལིང་ཏོག་ནད་པ37ལ་བཤགས་བཅོས་བྱས།

བཤགས་བཅོས་དང་ལེན་བྱེད་མཁན་མང་ཆེ་ཤོས་བགྲེས་པོ་དག་ཡིན་ལ།  ཅ་ཞིནLPརྩ་འཛུགས་ཀྱི་དང་བླངས་པ20ཡིས་རོགས་འདེགས་བྱས་འོག  བགྲེས་པོ་རྣམས་བཤགས་བཅོས་བྱེད་སར་ཁྲིད་པ་མ་ཟད།  ལིང་ཏོག་ནད་པ་དང་ཁྱིམ་བདག་ལ་ཞིབ་བཤེར་སྣ་ཚོགས་བྱེད་པ་དང་བཤགས་བཅོས་གོ་རིམ་ཁྲོད་དང་བཤགས་བཅོས་བྱས་རྗེས་དོ་སྣང་བྱེད་དགོས་པའི་དོན་ཚན་འགྲེལ་བཤད་བྱས། བཤགས་བཅོས་བྱས་རྗེས།  ད་དུང་ནད་པ་རེ་ལ་སྒོར200ཡི་ལམ་ཡོན་འགྲེམ་གཏོང་བྱས།  །    

 

0

 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་དམག་ནང་ཞུགས་པའི་ན་གཞོན་བུད་མེད་ལ་ཐོག་མའི་ལུས་པོའི་བརྟག་བཤེར་བྱས།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས“གྲངས་འཛིན་སྡེ་བ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས།
  • དོ་སྣང་ཆེ་བའི་རྩོམ།