བདེ་ཆེན་ཁུལ་ནད་འགོག་ལྟེ་གནས་ཀྱིས་དམངས་ཡོངས་བདེ་ཐང་རྐང་ཐང་དྲིལ་བསྒྲགས་རྩ་འཛུགས་བྱས་པ།

སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།        2013-08-09

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནད་འགོག་ལྟེ་གནས་ཀྱིས་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ནགས་ཕག་མཚོ་མཚོ་སྐོར་ལམ་དུ་“ཉིན་རེར་གོམ་པ་ཁྲི་གཅིག་སྤོས་ནས་ཟས་འགུལ་གཉིས་དོ་མཉམ་དང་ཚེ་གང་བདེ་ཐང་”ཞེས་པ་བརྗོད་བྱ་གཙོ་བོ་བྱས་ཏེ་རྐང་ཐང་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་རེད།ལས་བཟོ་བ་དག་རྐང་ཐང་སྤྱི་ལེ་23ལ་སྐྱོད་དེ་ལམ་རྒྱུད་ཀྱི་གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་དྲིལ་བསྒྲགས་ཡིག་ཆ་འགྲེམ་པ་རེད།

བྱ་འགུལ་གྱི་དགོངས་དོན་ནི་དམངས་ཡོངས་བདེ་ཐང་འཚོ་བའི་བྱེད་སྟངས་བྱེད་སྒོ་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་གཏོང་ནས།དམངས་ཡོངས་བདེ་ཐང་འཚོ་བ་བྱེད་སྟངས་ཀྱི་འཚོ་བའི་འདུ་ཤེས་དར་སྤེལ་དང་བདེ་ཐང་འཚོ་བའི་སྣང་ཚུལ་འཛུགས་པ།གྲོང་མིའི་བདེ་ཐང་འཚོ་བའི་བྱེད་སྟངས་བྱ་སྤྱོད་སྤེལ་ནུས་མཐོར་འདེགས་བྱས་པ་རེད།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི་རླུང་བརྙན་འཕྲིན་མ་ལག་གི་ལས་བྱེད་པའི་རྐང་གྲག་འགྲན་བསྡུར་འགོ་ཚུགས།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་དམག་ནང་ཞུགས་པའི་ན་གཞོན་བུད་མེད་ལ་ཐོག་མའི་ལུས་པོའི་བརྟག་བཤེར་བྱས།
  • དོ་སྣང་ཆེ་བའི་རྩོམ།