བདེ་ཆེན་ཁུལ་གྱིས་ལོ3ནང་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ལ་སྒོར་དུང་ཕྱུར19.56བཏང་བ།

    བོད་ལྗོངས་གསར་འགྱུར་དྲ་བ།    2012-12-24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ3རིང་བདེ་ཆེན་བོད་རིགས་ཁུལ་གྱིས་མ་དངུལ་རག་ཐབས་གང་ཐུབ་བྱས་ཏེ་སློབ་གསོ་གཉེར་བར་འདི་ལོའི་ཟླ11པའི་བར་ཁུལ་ཡོངས་ཀྱིས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ལ་སྒོར་དུང་ཕྱུར19.56བཏང་ཡོད། ཉེ་ཆར་གསར་འགོད་པ་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དུ་བསྐྱོད་དུས་གུ་ཡངས་པའི་པར་དང་ཡི་གེ་གཉིས་ལྡན་གྱི་ཆ་འཕྲིན་ཐོག་ཁང་དང་། ཕྱོགས་བསྡུས་ཐོག་ཁང་། ལུས་རྩལ་ཁང་། སློབ་མའི་ཉལ་ཁང་བཅས་གྲལ་སྟར་འགྲིག་པོ་ཡོད་ལ་དྲོད་གཏོང་ཡོ་ཆས་བསྒར་བའི་སློབ་ཁང་ནང་སློབ་མ་ཚོས་སློབ་སྦྱོང་བྱེད་བཞིན་པ་མཐོང་བྱུང་།ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད། ཡུལ་སྐོར་སོགས་སྡེ་ཚན་གྱིས་སློབ་གསོར་རྒྱབ་སྐྱོར་བྱེད་པའི་མིང་ཐོག་ནས་མ་དངུལ་གང་མང་བཏོན་པ་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་དང་། འགྲིམ་འགྲུལ། སྡོད་ཁང་། ནགས་ལས། ཆུ་ལས། གློག་འདོན། དྲོད་གཏོང་། ལམ་དོན་སོགས་སྡེ་ཚན་གྱིས་ཀྱང་སློབ་གྲྭའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་སློབ་གྲྭའི་འགྲོ་ལམ་དང་། ཁང་གླ་ཁེ་བའི་དགེ་རྒན་གྱི་སྡོད་ཁང་། དྲོད་གཏོང་། འཐུང་ཆུ་མཁོ་སྤྲོད །གློག་འདོན། སྔོ་འགྱུར་ཡུལ་ལྗོངས་སོགས་ཆ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འགན་འཁུར་བ། ཁུལ་ཡོངས་ཀྱི་ལས་བྱེད་པས་ཞལ་འདེབས་ཧུར་ཐག་ཕུལ་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ་བཅས་རེད།ལོ3རིང་བདེ་ཆེན་ཁུལ་གྱིས་སྨི་ངོས་གྲུ་ཁྲི72ཟིན་པའི་སློབ་གྲྭའི་ཉལ་ཁང་བརྒྱབ་པ་མ་ཟད། སྨི་ངོས་གྲུ་ཁྲི59ཟིན་པའི་ལུས་རྩལ་ཐང་དང་སྔོ་འགྱུར་ཅན་སོགས་ཞོར་གཏོགས་སྒྲིག་བཀོད་ཀྱང་འཛུགས་སྐྲུན་བྱས་ཤིང་། སློབ་གྲྭའི་ཉལ་ཁང་རྒྱག་རྒྱུའི་ཐད་ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བར་དམིགས་ནས《སློབ་གྲྭ་འབྲིང་ཆུང་གི་ཨར་སྐྲུན་ཚད་ལྡན་དང་ཚོད་སྐོར་བྱ་ཐབས་ལུགས་མཐུན》བཟོས་པས་སློབ་གྲྭའི་ཉལ་ཁང་ལ“ས་ཡོམ་རིམ་པ8འཁྱོག་ཐུབ་པ་དང་། ལོ50སྤྱོད་ཐུབ་པ། བོད་རིགས་ས་ཁུལ་དུ་རྩེར་སོན་པ”བཅས་ཀྱི་ཚད་གཞི་དང་སློབ་གཉེར་ཆ་རྐྱེན་ཚད་ལྡན་ཡོང་བའི་དམིགས་ཚད་རྒྱུན་འཁྱོངས་བྱས་པ་ནི་རྒྱལ་ཁབ་དང་ཞིང་ཆེན་གྱིས་གཏན་ལ་ཕབ་པའི་སློབ་གྲྭ་འབྲིང་ཆུང་གི་ཉལ་ཁང་བདེ་འཇགས་ཀྱི་ཚད་གཞི་ལས་མཐོ་བ་རེད།  །

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་སྒྲིག་གཞི་ལེགས་བཅོས་བྱས་ཏེ་བགྲོད་ལམ་གསར་བ་བཏོད་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་དུ་དུས་ཆེན་གྱི་རྣམ་པ་ཡིས་ཁེངས་འདུག་པ།
  • དོ་སྣང་ཆེ་བའི་རྩོམ།