ཀྲུང་གོ་བོད་ཀྱི་དྲ་བ། 2012-12-21
ཉིན་དེར། རྒྱལ་ཐང་གྲོང་རྡལ་གྱི་སྲིད་གཞུང་གྲོས་ཚོགས་ཁང་དུ་རྒྱལ་ཐང་གྲོང་རྡལ་ཏང་ཨུ་སྲིད་གཞུང་གི་ལས་བྱེད་མི་སྣ་ཡོངས་དང་། རྒྱལ་ཐང་གྲོང་རྡལ་གྱི་ལས་ཁུངས་སོ་སོའི་འཐུས་མི་བཅས་ཞིང་སྡེ་སོ་སོའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་ཡིས་ཁེངས་འདུག སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ། འབའ་ལུང་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཀྲང་ཡོན་ཏོན་གྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་ལས་འགན་གསུམ་དང་། ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་ལས་ཞིང་སྡེའི་ཞིང་བའི་སྲིད་ཇུས་ཀྱི་འགྲེལ་བཤད་དང་གསལ་བཤད། ཞིང་བ་ནི་ཚན་རིག་འཕེལ་རྒྱས་ཀྱི་ཁེ་ཕན་ཐོབ་མཁན་ཡིན་པ་སོགས་ཕྱོགས་དྲུག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་དགོངས་དོན་འཆད་ཁྲིད་གནང་། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10