ཚེ་རིང་རྒྱ་མཚོས་བསྒྱུར། 2012-08-24
གསར་འགྱུར་མགྲིན་ཚབ་པའི་གསོ་སྦྱོང་སྟེང་ཡུན་ནན་ཞིང་ཆེན་ཏང་ཨུའི་ཕྱི་ཕྱོགས་དྲིལ་སྒྲོག་གཞུང་སྒྲུབ་ཁང་གསར་འགྱུར་སྒྲོག་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཅན་ཝུན་དང་། ཀྲུང་གོའི་སྨྱད་བྱད་སློབ་གྲྭ་ཆེན་མོའི་དགེ་རྒན་དབྱང་ཙི་གཉིས་གདན་ཞུ་ཞུས་ཏེ《གསར་འགྱུར་སྒྲོག་སྤེལ་བརྒྱུད་དེ་སྤྱི་ཚོགས་ཀྱི་བླངས་ཕྱོགས་ཇི་ལྟར་མཛུབ་ཁྲིད་བྱེད་པ》དང《དེང་རབས་ཀྱི་སྨྱན་བྱད་ཁོར་ཡུག་འོག་འགོ་ཁྲིད་ལས་བྱེད་པའི་སྨྱན་བྱེད་བྱང་ཚད་དང་ཉེན་ཁའི་རྒྱུད་སྒྲོག་དོ་དམ》བཅས་ཀྱི་ཐད་ནས་འཆད་ཁྲིད་བྱས། གསོ་སྦྱོང་བྱས་པ་བརྒྱུད། སྔར་ལས་ལྷག་པར་བདེ་ཆེན་ཁུལ་གྱི་གསར་འགྱུར་སྒྲོག་སྤེལ་ལམ་ལུགས་ཚད་ལྡན་དུ་བཏང་ཞིང་། གསར་འགྱུར་མགྲིན་ཚབ་པའི་ཕྱོགས་བསྡུས་བྱང་ཚད་དང་ཆེད་ལས་ནུས་རྩལ་མཐོར་འདེགས་བྱས།
བདེ་ཆེན་ཁུལ་ཐད་གཏོགས་ལས་ཁུངས་སོ་སོ་དང་། བདེ་ཆེན་ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་འགན་ཁུར་མི་སྣ་དང་གསར་འགྱུར་མགྲིན་ཚབ་པ། སེམས་ཀྱི་ཉི་ཟླ་རྫོང་དང་བདེ་ཆེན་རྫོང་། དཔལ་འབྱོར་གསར་སྤེལ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ། སེམས་ཀྱི་ཉི་ཟླ་རྫོང་གི་རྫོང་རིམ་པའི་ལས་ཁུངས་ཀྱི་འགན་ཁུར་མི་སྣ། སེམས་ཀྱི་ཉི་ཟླ་རྫོང་དང་བདེ་ཆེན་རྫོང་གི་ཤང་དང་གྲོང་རྡལ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་ལས་འཛིན་པ་སོགས་མི300ལྷག་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10