ལྕགས་བྷོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-06-20
ཉེ་ལམ་གསར་འགོད་པས་ཤེས་གསལ་བྱུང་བ་ལྟར་ན། ལོ་རེར་ཐེངས་གཅིག་རེར་སྤེལ་བཞིན་ཡོད་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་རྟ་རྒྱུག་འགྲན་ཚོགས་ཟླ6པའི་ཚེས23ཉིན་རྫོང་མཁར་ཤར་ཕྱོགས་ནས་སྤེལ་རྒྱུ་ཡིན་པ་དང་། ཉིན་གསུམ་གྱི་རིང་ལ། ཕུལ་དུ་བྱུང་བའི་རྟ་རྩལ་ངོམ་རྒྱུ་ཡིན་པ་ལས་གཞན། ད་དུང་རྟ་རྩལ་འགྲན་ཚོགས་ཀྱི་མཛད་སྒོའི་འཁྲབ་སྟོན་དང་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་རིག་གནས་བྱ་འགུལ་རྒྱ་ཆེར་སྤེལ་རྒྱུ་རེད།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་རེའི་ལུགས་རྙིང་གི་ཟླ5བའི་ཚེས5ཉིན་ནི་སེམས་ཀྱི་ཉི་ཟླ་རྫོང་གི་ལོ་རེར་ཐེངས་གཅིག་རེར་སྤེལ་བཞིན་པའི་རྟ་རྒྱུག་འགྲན་ཚོགས་ཀྱི་ཉིན་མོ་ཡིན་པ་དང་། རིགས་སོ་སོའི་མང་ཚོགས་རྣམས་ཀྱི་ཆེས་གཟབ་རྒྱས་ཆེ་བའི་སྲོལ་རྒྱུན་དམངས་སྲོལ་དུས་ཆེན་ཡང་ཡིན། ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རྟ་རྒྱུག་འགྲན་ཚོགས་ནི་སྤྱིར་བཏང་གི་རྟ་རྩལ་འགྲན་བསྡུར་དང་། གནས་སྐོར་བྱེད་པ་ནས་མི་རིགས་རིག་གནས་འགྲེམ་སྟོན་བྱེད་པ་བརྒྱུད་དེ་གནས་སྐོར་ལས་དོན་ལ་སྐུལ་འདེད་བྱེད་པའི་དུས་ཆེན་ཞིག་ཏུ་གྱུར་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10