བདེ་ཆེན་རྫོང་བཟོ་ཚོང་ཅུའུ་ཡིས་ཁྲིམས་འགལ་ཚོང་གཉེར་ལེགས་བསྒྱུར་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།        2014-10-16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་བཟོ་ཚོང་ཅུའུ་ཡིས་དངོས་ཡོད་གནས་ཚུལ་གཞིར་བྱས་ཏེ། སྐུལ་སློང་ཚོགས་འདུ་བསྡུས་ཏེ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་།  ཁྱོན་ཡོངས་ནས་དཔང་ཡིག་མེད་པའི་ཚོང་ར་དང་རོལ་རྩེད་ཁང་། དྲ་རྒྱ་བཅས་ལ་ཆེད་དོན་ལེགས་བསྒྱུར་བྱས།

 བྱ་འགུལ་ཁྲོད་གཙོ་བོར་ཚོང་ར་དང་རོལ་རྩེད་ཁང་། དྲ་རྒྱ་སོགས་ཚོང་གཉེར་བྱེད་སའི་བདེ་འཇགས་ཐད་གནས་པའི་གནད་དོན་སོགས་ལ་ལེགས་བསྒྱུར་བྱེད་པར་སྐུལ་འདེད་བྱས་པ་མ་ཟད། ཆེད་དོན་ལེགས་བསྒྱུར་བྱེད་ཤུགས་ཆེ་རུ་བཏང་ཞིང་།  ཚོང་གཉེར་བས་རང་རྟོགས་རང་བཞིན་དང་ཁྲིམས་མཐུན་གྱི་ངང་ནས་ཚོང་གཉེར་བྱེད་པར་མཛུབ་ཁྲིད་བྱས།

ཤེས་གསལ་བྱུང་བ་ལྟར་ན། བྱ་འགུལ་ཁྲོད།  བྱ་འགུལ་ལས་མངའ་ཁོངས་འདི་དག་གི་ཚོང་ར་གཅིག་དང་རིག་གནས་རོལ་རྩེད་ཁང34། དྲ་རྒྱ9བཅས་ལ་ཞིབ་བཤེར་བྱས་པ་དང་ཁྲིམས་འཛིན་མི་སྣ་མི་ཐེངས24མངགས་གཏོང་བྱས་མཐར། ཁྲིམས་འགལ་གྱི་ངང་ནས་ཚོང་གཉེར་བྱེད་པའི་བྱ་སྤྱོད་གཅིག་ཀྱང་མ་རྙེད།

ཐེངས་འདིའི་བྱ་འགུལ་སྤེལ་བར་སྔར་ལས་ལྷག་པར་དྲ་རྒྱ་དང་རོལ་རྩེད་ཁང་སོགས་ཚོང་ར་སོ་སོའི་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་ཞིང་། ཚོང་རའི་རྒྱུན་ལྡན་གྱི་སྒྲིག་ལམ་འགན་སྲུང་བྱས་པས།  ཕན་འབྲས་ཡོད་པའི་སྒོ་ནས་རིག་གནས་སྤྱི་ཚོགས་ཁོར་ཡུག་ལེགས་བསྒྱུར་བྱས། །

  • ལེ་ཚན་སྔོན་མ།:འཇོལ་རྫོང་གིས་དཔེ་བཟང་རྫོང་གསུམ་འཛུགས་སྐྲུན་བྱེད་རྒྱུ་རེད།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་གསར་བའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།