བདེ་ཆེན་ཁུལ་བོད་སྨན་ཁང་གིསབོད་སྨན་གསར་སྤེལ་བྱས་ཏེ་དམངས་ལ་ཞབས་འདེགས་ཞུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2012-02-23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  བདེ་ཆེན་ཁུལ་བོད་སྨན་ཁང་བཙུགས་པ་ནས་བཟུང་།  བོད་སྨན་ཁང་འདི་ནི་ཁུལ་ཡོངས་ཀྱི་སྨན་བཅོས་དང་ཞིབ་འཇུག  སློབ་ཁྲིད་བྱེད་ས།  བོད་སྨན་ཐོན་སྐྱེད་བྱེད་ས་སོགས་ངོ་བོ་གཅིག་ཡིན་པའི་སྣ་འཛོམས་རང་བཞིན་གྱི་མི་རིགས་སྨན་ཁང་ཞིག་ཏུ་གྱུར་ཡོད།  མིག་སྔར་སྨན་ཁང་ཡོངས་སུ་སྡེ་ཁག7བཙུགས་ཡོད་པ་དང་།  དེ་དག་ནི་ཡོན་ཀྲང་གཞོན་སྒྲུབ་ཁང་དང་།  སྨན་རྫས་ཞིབ་འཇུག་ཚན་ཁག  སྒོ་བརྟེན་ཁང་།  ཤག་སྡོད་ཁང་།  སྨན་བཅོས་ལས་དོན་ཚན་ཁག   བདག་སྐྱོང་ཚན་ཁག   ནོར་སྲིད་ཚན་ཁུག་སོགས་འདུས་པ་མ་ཟད།  ད་ཡོད་ལས་བཟོ་བ97དང་།  ཆེད་ལས་ལག་རྩལ་མི་སྣ63།  ནད་པའི་མལ་ཁྲི60།  སྤྱིའི་མ་དངུལ་སྒོར་ཁྲི3000བཅས་ཡོད།   ཐུན་མོང་མ་ཡིན་པའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་རྒྱ་ཆེའི་ནད་པ་རྣམས་ལ་ཕན་བདེ་སྐྲུན་པར་མང་ཚོགས་ཀྱི་དགའ་བསུ་ཐོབ། 

དུས་མཚུངས་སུ་བདེ་ཆེན་ཁུལ་བོད་སྨན་ཁང་གིས་ཆེད་ལས་བརྩམས་ཆོས་མང་པོ་སྔོག་འདོན་བྱས།  སྔ་གཞུག་ཏུ《བོད་ཀྱི་གསོ་རིག་རྩ་གནད》དང《བདེ་ཆེན་ཁུལ་གྱི་བོད་སྨན》སོགས་བོད་ཀྱི་གསོ་རིག་ཆེད་ལས་བརྩམས་ཆོས་པར་སྐྲུན་བྱས་པས།  ཕུལ་དུ་བྱུང་བའི་བོད་མི་རིགས་ཀྱི་གསོ་རིག་རིག་གནས་སྲུང་སྐྱོང་དང་དར་སྤེལ་བྱེད་པར་སྐུལ་འདེད་བྱས།   བོད་སྨན་ཁང་འདིར་སྔ་གཞུག་ཏུ་རྒྱལ་ཁབ་དང་ཞིང་ཆེན།  ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས“སྔོན་ཐོན་ལས་ཁུངས་དང་།  སྔོན་ཐོན་སྡེ་ཁག་བཅས་ཀྱི་མཚན་སྙན་ཐོབ།   

མཚམས་སྦྱོར་བྱས་པ་ལྟར་ན།  བདེ་ཆེན་ཁུལ་བོད་སྨན་ཁང་གིས་ཐོན་སྐྱེད་བྱས་པའི་བོད་སྨན་སྣ་ཁ140ལྷག་ཡོད་པ་དང་ །  ལོ་རེར་བོད་སྨན་སྤྱི་རྒྱ2500ཐོན་སྐྱེད་བྱེད་བཞིན་ཡོད་པས།  སྨན་ཁང་འདི་དང་ཁུལ་ཡོངས་ཀྱི་བོད་སྨན་སྒོ་བརྟེན་ཁང་གི་དགོས་མཁོ་བསྐངས།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི་ས་གནས་སོ་སོས་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བཞིན་ཡོད་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་གཡག་རྭ་སྡེ་བ་རུ་ཆིན་རྒྱལ་རབས་སྐབས་ཀྱི་ནང་བསྟན་ལྡེབས་རིས་རྙེད་པ།
  • དོ་སྣང་ཆེ་བའི་རྩོམ།