བདེ་ཆེན་རྫོང་གིས་ཚན་རྩལ་དྲིལ་བསྒྲགས་ཉིན་མོའི་བྱ་འགུལ་སྤེལ་ནས་མི3000ལ་ཕན་ཁེ་ཐོབ་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-09-26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས“ཚན་རྩལ་དྲིལ་བསྒྲགས་ལས་ཁུངས་དང་སློབ་གྲྭ། གཞིས་ཁུལ་དུ་སྐྱེལ་བ”ཞེས་བརྗོད་དོན་ཡིན་པའི་རྒྱལ་ཡོངས་ཚན་རྩལ་དྲིལ་བསྒྲགས་ཉིན་མོའི་བྱ་འགུལ་སྤེལ། ཡུན་ནན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གླིང་གི་ཁོངས་གཏོགས་སྨན་ཁང་དང་། ཀྲུང་གོའི་ཚན་རིག་གླིང་ཡུན་ནན་གནམ་རིག་སྟེགས་བུའི་ཆེད་ལས་མཁས་པ་ཚོས་བདེ་ཆེན་རྫོང་གི་མང་ཚོགས་ལ་ཆེད་དོན་འཆད་ཁྲིད་ཐེངས་བཞིར་སྤེལ་ནས་མི3000ལྷག་ལ་ཕན་ཁེ་ཐོབ།  ། 
  • ལེ་ཚན་སྔོན་མ།:བདེ་ཆེན་འཐུས་ཚབ་རུ་ཁག་གི་ལུས་རྩལ་པས་དཔྱང་ཐག་སྤྱི་རྒྱ55ཡན་གྱི་མི་རྐྱང་གི་མཐོ་ཚད་འགྲན་བསྡུར་ཐོག་གསེར་གྱི་བྱང་བུ་བླངས་པ།
  • ལེ་ཚན་རྗེས་མ།:《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་དེབ་ཐེར》འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།