ཚེ་རིང་རྒྱ་མཚོས་བསྒྱུར། སེམས་ཀྱི་ཉི་ཟླའི་དྲ་བ། 2011-07-04
མིག་སྔར་གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་བཟོ་ལས་ཉོ་འཚོང་དང་བརྡ་འཕྲིན་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། སེམས་ཀྱི་ཉི་ཟླ་རྫོང་དང་བཟོ་ལས་ཉོ་འཚོང་དང་བརྡ་འཕྲིན་ཅུའུ་ཡིས་བརྩོན་ལེན་བྱས་པ་བརྒྱུད། སེམས་ཀྱི་ཉི་ཟླ་རྫོང་བཟོ་ལས་ཉོ་འཚོང་དང་བརྡ་འཕྲིན་ཅུའུ་ཡིས་ད་ལོར་ཀོན་ཏའོ་ས་ཁུལ་དུ་མ་དངུལ་སྒོར་ཁྲི50བརྩོན་ལེན་བྱས་ཤིང་། མ་དངུལ་འདི་དག་མངའ་ཁོངས་མཉམ་འབྲེལ་འོག་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་སྐྱེད་འཕེལ་རྒྱས་སྟེང་བཀོལ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། སེམས་ཀྱི་ཉི་ཟླ་རྫོང་གིས་མངའ་ཁོངས་བར་མཉམ་འབྲེལ་བྱེད་པའི་ཁོམས་སུ་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་ཀྱིན་ཡོད་ལ། བསྡོམས་རྩིས་བྱས་པ་ལྟར་ན།“ལོ་ལྔ་ཚན་བཅུ་གཅིག་པའི” སྐབས་སུ་སེམས་ཀྱི་ཉི་ཟླ་རྫོང་གིས་བདེ་ཆེན་ཁུལ་དང་ཁོན་མིན་གྲོང་ཁྱེར་བར་གྱི་མཉམ་འབྲེལ་རྣམ་གྲངས25ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི640བཏང་། རྣམ་གྲངས་འདི་དག་སློབ་གསོ་དང་རིག་གནས། སྨན་བཅོས་འཕྲོད་བསྟེན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་འདུས་ཡོད་པས། ནུས་ཤུགས་ཡོད་པའི་སྒོ་ནས་སེམས་ཀྱི་ཉི་ཟླ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10