བདེ་ཆེན་ཁུལ་གྱིས་བོད་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་བགྲོད་ལམ་ཞིག་འཚོལ་ཞིབ་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    སེམས་ཀྱི་ཉི་ཟླའི་དྲ་བ།    2011-07-08

ན་ནིང་ནས་བཟུང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་གིས་ནང་མཁོ་རྒྱ་བསྐྱེད་པ་དང་ཀྲུང་དབྱང་གི་ཐེངས་ལྔ་བའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ། ཡུན་ནན་ཞིང་ཆེན་བོད་ཁུལ་བྱ་བའི་གྲོས་ཚོགས་བསྡུས་པ་སོགས་གོ་སྐབས་དམ་འཛིན་བྱས་ཏེ།  ཧུར་ཐག་སྒོས་བོད་རིགས་ས་ཁུལ་གྱི་ཁྱད་ཆོས་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཤིག་སྙེགས་འགོ་བརྩམས།  ད་ལོའི་ལོ་སྟོད་ལ་བདེ་ཆེན་ཁུལ་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་མ་དངུལ་གཏོང་ཚད་སྔོན་རྩིས་ཀྱིས་སྒོར་དུང་ཕྱུར42.5ཟིན་པ་དང་།  ན་ནིང་ལོ་དང་བསྡུར་ན་དུས་མཉམ་ལས36.66%ཡར་འཕར།  ས་གནས་ནོར་སྲིད་སྤྱིར་གཏིང་གི་ཡོང་སྒོ་སྔོན་རྩིས་ལྟར་ན་སྒོར་དུང་ཕྱུར3.4ཟིན་པ་དང་།  ན་ནིང་དང་བསྡུར་ན་དུས་མཉམ་ལས103.65%ཡར་འཕར། 

 བདེ་ཆེན་ཁུལ་གྱིས་ནན་ཏན་སྒོས་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ།  ཐོག་དང་པོ་རྒྱལ་ཡོངས་སུ《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེའི་དོ་དམ་སྲོལ་ཡིག》གཏན་འབེབས་བྱས་ཤིང་།  ལས་བྱེད་སྟོང་ལྷག་སྡེ་བ་དང་དགོན་སྡེ་སོ་སོར་མངགས་ཏེ“འབྱོང་འབྲིང་སྤྱི་ཚོགས་ལ་སྙེགས་པར་སྐུལ་འདེད་བྱེད་པ་དང་འཆམ་མཐུན་ལ་སྐུལ་འདེད་བྱེད་པ། མི་རིགས་མཐུན་སྒྲིལ་ཡོང་བར་སྐུལ་འདེད་བྱེད་པ། ཞིང་སྡེའི་སྤྱི་ཚོགས་དཔལ་འབྱོར་ཕྱོགས་ཡོངས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པ”སོགས་ཀྱི་བྱ་འགུལ་སྤེལ།  ལས་བྱེད་མི་སྣ1200ལྷག་གཞི་རིམ་དུ་ཟབ་ཞུགས་བྱས་ནས་སྲིད་ཇུས་ཁྲིམས་ལུགས་ཕྱོགས་སུ་དྲིལ་བསྒྲག་མཛད་དེ་དམངས་ཀྱི་འགལ་བ་སེལ་རོགས་བྱེད་པ་དང་དམངས་ལ་དོན་དངོས་བསྒྲུབས་པ་སོགས་ཀྱི་བྱ་བ་གཉེར། 

དམངས་འཚོ་འཛུགས་སྐྲུན་ཕྱོགས་སུ་བདེ་ཆེན་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང796གཅིག་བསྡུས་བྱས་ཤིང་།  བདེ་ཆེན་ཁུལ་གྱི་ཐད་གཏོགས་སློབ་ཁུལ་གསར་བ་ད་ལོར་ལེགས་འགྲུབ་འབྱུང་ངེས་ཡིན་པ་བཅས“བོད་ཁུལ་མཐོ་སྒང་དུ་རོང་འབྲོག་མང་ཚོགས་ཀྱི་སློབ་མ་རོགས་སྐྱོར་བཟོ་འགོད”ལག་བསྟར་བྱས་ཤིང་།  ཕྱོགས་ཡོངས་སུ་རིན་མི་དགོས་པར་ཞིང་སྡེའི་འོས་འགན་སློབ་གསོའི་མྱོང་བཞིན་པའི་སློབ་མ་རྣམས་ཀྱི་འཚོ་བའི་འགྲོ་སོང་འགན་ཁུར་བཞིན་ཡོད།  གཞན་ད་རུང་ཞིང་སྡེའི་ཁྱད་དབུལ་ཞིང་བ་དང་གྲོང་རྡལ་གྱི་ཁྱད་དབུལ་ཁྱིམ་ཚང་ལ་མ་མཐའི་འཚོ་བའི་འགན་སྲུང་བཟོ་འགོད་ལག་བསྟར་བྱེད་ཀྱིན་ཡོད།  །  

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་ཅིན་ཅང་གྲོང་རྡལ་དུ་འདམ་ཟེགས་འདྲེས་མའི་ཆུ་ལོག་བྱུང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་གི་ཕྱུགས་ལས་ཐོན་སྐྱེད་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ
  • དོ་སྣང་ཆེ་བའི་རྩོམ།