ཡུན་ནན་སེམས་ཀྱི་ཉི་ཟླའི་སྐབས་གསུམ་པའི་ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་ཚོགས་འདུ་བསྡུས།

ཀླུ་མོ་མཚོ་ཡིས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2016-10-09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཚོང་དོན་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་གཙོ་སྒྲུབ་དང་། ཁུལ་ཚོང་དོན་ཅུའུ་ཡིས་འགན་སྒྲུབ་བྱས་པའི་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླའི་སྐབས་གསུམ་པའི་ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་ཚོགས་འདུའམ་ཚོང་འགུགས་ངོ་འཕྲད་ཚོགས་འདུ་ཟླ10པའི་ཚེས8ནས12བར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་རྒྱུ་རེད།

ཡུན་ནན་སེམས་ཀྱི་ཉི་ཟླའི་སྐབས་གསུམ་པའི་ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་ཚོགས་འདུ་བསྡུས།

ཡུན་ནན་སེམས་ཀྱི་ཉི་ཟླའི་སྐབས་གསུམ་པའི་ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་ཚོགས་འདུ་བསྡུས།

མཚམས་སྦྱོར་བྱས་པ་ལྟར་ན། བཀྲམ་འཚོང་ཚོགས་འདུ་ཡིས“སྒོ་དབྱེ། གསར་སྤེལ། མཉམ་ལས། འཕེལ་རྒྱས”བཅས་དམིགས་དོན་དུ་བཟུང་སྟེ། བདེ་ཆེན་ཁུལ་གྱི་ཁྱད་ལྡན་ཐོན་ལས་དང་ཐོན་ཁུངས་ཀྱི་ལེགས་པའི་ཆར་དམིགས་ནས་དཔལ་འབྱོར་ཚོང་དོན་གྱི་མ་འཇོག་སྐུལ་འདེད་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་དེ། བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་གྱི་ཚོང་འགྲེམས་དང་། ཚོང་དོན་མཉམ་ལས། མ་འཇོག་མཉམ་ལས། ཐོན་ལས་ཅན་དུ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁྱད་ལྡན་སྤུས་རྟགས་ཀྱི་ཐོག་མའི་གྲུབ་འབྲས་བླངས་ནས་བདེ་ཆེན་ཁུལ་གྱི་ལྗང་མདོག་དང་། སྐྱེ་ཁམས། བདེ་ཐང་། ཁྱད་ཆོས་ལྡན་པའི་ཐོན་རྫས་སོགས་འགྲེམ་སྟོན་བྱས་ཏེ། ཐོན་རྫས་ཕྱིར་འཚོང་དང་ཁྲོམ་ར་གསར་གཏོད་ཐད་སྐུལ་འདེད་བྱས། བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་ཡིས་བདེ་ཆེན་ཁུལ་གྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཡོད།

ཡུན་ནན་སེམས་ཀྱི་ཉི་ཟླའི་སྐབས་གསུམ་པའི་ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་ཚོགས་འདུ་བསྡུས།

ཡུན་ནན་སེམས་ཀྱི་ཉི་ཟླའི་སྐབས་གསུམ་པའི་ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་ཚོགས་འདུ་བསྡུས།

ཡུན་ནན་སེམས་ཀྱི་ཉི་ཟླའི་སྐབས་གསུམ་པའི་ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་ཚོགས་འདུ་བསྡུས།

ཐེངས་འདིའི་འགྲེམས་ཚོགས་བྱ་འགུལ་ལ་གཙོ་བོ་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་། ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་དྲ་རྒྱའི་ཚོང་དོན་གཉེར་བ། དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ། ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ངོ་སྤྲོད་སོགས་ཀྱི་ནང་དོན་འདུས། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་གི་གྲས་སུ་བདེ་ཆེན་ཁུལ་དང་ཆུས་ཁག་གི་ཁྱད་ལྡན་ཐོན་རྫས་ཡོད་ཅིང་། དེའི་ནང་གཙོ་བོ་ཤ་རིགས་དང་འབྲེལ་ཡོད་ཀྱི་ཐོན་རྫས་རབ་དང་རིམ་པ་དང་། ནས་ཀྱི་ཐོན་རྫས་རབ་དང་རིམ་པ། ཨ་རག་དམར་པོ། བེ་ཤའི་ཐོན་རྫས་རབ་དང་རིམ་པ། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཡོད། དེ་དང་ཆབས་ཅིག་ཏུ་གློག་རྡུལ་ཚོང་དོན་རབ་དང་རིམ་པ་སྤེལ་ནས་དྲ་ཐོག་གི་མྱོང་ཚོར་བྱེད་སྒོ་སྤེལ་རྒྱུ་ཡིན་པ་མ་ཟད། ད་དུང་ཚོང་འགུགས་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་དང་མཉམ་ལས་རྣམ་གྲངས་གཉེར་ནས་གན་རྒྱ་འཇོག་པའི་མཛད་སྒོ་ཡང་མང་པོ་འཚོགས་རྒྱུ་རེད། །

  • ལེ་ཚན་སྔོན་མ།:ཁུན་མིང་ནས་ཟི་ལིང་བར་ཐད་གཏོང་མེ་འཁོར་ཐོག་མར་གཏོང་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་དམིགས་བསལ་སློབ་གྲྭ་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།