ཀྲུང་གོ་བོད་ཀྱི་དྲ་བ། 2016-06-27
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནས་དམངས་གླུར་ཉན་ནས་ཕ་ཡུལ་དྲན་པའི་མི་རིགས་ཀྱི་དམངས་གླུ་འཁྲབ་སྟོན་གྱི་བྱ་འགུལ་སྤེལ།ཐེངས་འདིའི་བྱ་འགུལ་གྱིས“དམངས་གླུར་ཉན་ནས་ཕ་ཡུལ་དྲན་པ”ཞེས་པ་བརྗོད་དོན་གཙོ་བོ་བྱས་ཏེ་བདེ་ཆེན་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་གཉིས་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་དང་རྒྱུད་འཛིན་མི་སྣ42ཀྱིས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཏེ་གླུ་གར་སོགས་འཁྲབ་ཚན31ལྷག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུས་འཁོར་ཐང་ཆེན་ནས་འཁྲབ་སྟོན་བྱས་པ་རེད།ཡུན་ནན་ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཏེ་བོད་ཀྱི་རི་གླུ་དང་པུ་ཝང་རྒྱུད་དྲུག་མའི་རྒྱུད་འཛིན་པ་ཆོས་འཛོམས་ཀྱིས་གསར་འགོད་པར་དེ་རིང་ངས་འཁྲབ་སྟོན་བྱས་པའི་གཡང་ལ་རི་གླུ་འདི་ནི་ང་ཚོའི་མེས་པོའི་གོང་མ་རྣམས་ནས་དུས་ད་ལྟའི་བར་རྒྱུད་འཛིན་བྱས་ཡོང་པའི་སྐོར་བྲོ་ཡིན་ལ། ངས་རང་ཉིད་ཀྱི་ནུས་པར་བརྟེན་ནས་མུ་མཐུད་དུ་གཡང་ལ་རི་གླུ་འདི་རང་གི་སློབ་མ་དང་བུ་ཕྲུག་རྣམས་ལ་ཁྲིད་རྒྱུ་ཡིན་ཟེར།ཐེངས་འདིའི་འཁྲབ་སྟོན་གྱིས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལ་ཕྱོགས་བསྡུས་རང་བཞིན་གྱི་འཁྲབ་སྟོན་སྟེགས་བུ་ཞིག་སྐྲུན་ཡོད་པ་དང་མི་རིགས་ཀྱི་ཁྱད་ཆོས་དང་ས་ཁུལ་གྱི་ཁྱད་ཆོས་མངོན་གསལ་ལྡན་པ་རེད། རི་གླུ་དང་སྐོར་བྲོ། ལ་གཞས། པི་ཝང་རྒྱུད་དྲུག་མ་སོགས་ཀྱི་འཁྲབ་སྟོན་གྱིས་ས་གནས་དེ་གའི་དམངས་ཁྲོད་ཕུལ་བྱུང་རོལ་དབྱངས་སྒྱུ་རྩལ་དངོས་དཔེ་རང་བཞིན་ཅན་གྱི་སྲུང་སྐྱོབ་ནས་མངོན་གསལ་རང་བཞིན་གྱིས་དུས་རྒྱུན་དུ་ཕྱི་ནས་འཁྲབ་སྟོན་བྱེད་པ་མངོན་འགྱུར་བྱུང་བ་རེད།བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཞིག་གིས“དམངས་ཁྲོད་སྒྱུ་རྩལ་པ་དང་མཉམ་དུ་འཁྲབ་སྟོན་བྱས་པ་ནི་བརྗེ་རེས་ཀྱི་རིགས་ཤིག་ཡིན་ལ། རང་ཉིད་ཀྱིས་ད་རུང་སློབ་སྦྱོང་མང་པོ་བྱེད་དགོས་པ་མ་ཟད་འདིའང་རང་ཉིད་ཀྱི་གཟི་བརྗིད་ཞིག་ཏུ་རྩིས་ཆོག་པས། ན་གཞོན་ཚོས་མུ་མཐུད་དུ་རང་མི་རིགས་ཀྱི་དམངས་ཁྲོད་ཕུལ་བྱུང་གླུ་གར་སོགས་སློབ་སྦྱོང་བྱེད་རྒྱུ་ནི་ངའི་རེ་བ་ཡིན”ཟེར།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10