ཡུན་ནན་བདེ་ཆེན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་དུ་རིན་མེད་སྨན་བཅོས་བྱ་རྒྱུ་ཡིན་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2014-07-18

ཡུན་ནན་བདེ་ཆེན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་དུ་རིན་མེད་སྨན་བཅོས་བྱ་རྒྱུ་ཡིན་པ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་ཉིན་དགུའི་2014ལོའི“སེམས་མཐུན།ཀྲུང་གོའི་སེམས་པ་མཉམ་གཏོད་ཀྱི་བདེ་ཆེན་གྱི་བྱ་སྤྱོད”ཀྱི་སྤྱི་ཕན་བྱེད་སྒོའི་ཁྲོད་པེ་ཅིང་སོགས་ས་ཁུལ་གྱི“སེམས་མཐུན།ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྨན་དོན་མི་སྣ་དང་རིགས་གཅིག་མཁས་ཅན་ཚོས་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡི་རྫོང་གསུམ་གྱི་མི་ཐེངས་34833ལ་འོས་འགན་སྨན་བཅོས་དང་བྱིས་པ་367ལ་ལྷན་སྐྱེས་སྙིང་ནད་ཡོད་མེད་བརྟག་དཔྱད་བྱེད་སྐབས་བྱིས་པ་49ལ་ནད་ངོས་འཛིན་ཐུབ་ཡོད་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།བྱེད་སྒོ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ནད་གཞི་ཕོག་པའི་བྱིས་པ་དེ་དག་གི་ནད་གཞིའི་གནས་ཚུལ་དང་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་གཞིགས་ནས།ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་དུ་རིན་མེད་སྨན་བཅོས་བྱ་རྒྱུ་ཡིན་ཞིང་།འདི་ནི་རྒྱལ་སའི་གསོ་རིག་སློབ་ཆེན་ཞོན་ཝུའུ་སྨན་ཁང་གི་སྨན་པ་ཀའོ་ཅིན་གྱིས་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་རྫོང་མ་བུ་འཕྲོད་སྦྱོར་བདེ་སྲུང་ཁང་གི་བྱིས་པ་ཞིག་ལ་Bསྒྲ་རླབས་ལ་བརྟེན་ནས་ལྷན་སྐྱེས་སྙིང་ནད་ཡོད་མེད་བརྟག་དཔྱད་བྱེད་པའི་གནས་ཚུལ་ཡིན་པ།

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་ཞིང་སྡེའི་སློབ་གྲྭ་ཡི་རྨང་གཞི་སྒྲིག་ཆས་ལེགས་བཅོས་ཐོབ་ཡོད་པ།
  • ལེ་ཚན་རྗེས་མ།:ལོ་སྟོད་ལ་བདེ་ཆེན་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི538.8སྣེ་ལེན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།