ཡུན་ནན་བདེ་ཆེན་གྱིས“རིག་གནས་ལ་བརྟེན་ནས་ཀྲོའུ་དར་རྒྱས་གཏོང་བའི”འཕེལ་རྒྱས་བསམ་ཕྱོགས་ལག་བསྟར་བྱས་པ།
བོད་ལྗོངས་གསར་འགྱུར་དྲ་བ། 2016-01-12
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོའི་དགུན་ཉི་ལྡོག་པའི་དུས་ཆེན་གྱི་ས་སྲོད་ལ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླའི་ཕྱིའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ལ་སླེབས་ཡོད།ན་ནིང་རྡོ་མཁར་གནའ་གྲོང་ལ་མེ་སྐྱོན་བྱུང་བའི་རྐྱེན་གྱིས་མཐའ་འཁོར་གྱི་ཁྲོམ་གཞུང་ཚང་མ་ཐལ་བར་གྱུར་ནས་དེ་སྔའི་འཁྲུག་ཆ་དོད་པའི་ཐང་ཆེན་དེ་ཡང་རྒྱུན་རིང་པོ་འཇམ་ཐིང་ངེར་ལུས།2015ལོའི་ཟླ་10བར་རྡོ་མཁར་གནའ་གྲོང་གི་སླར་གསོ་བསྐྱར་སྐྲུན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད།བསྐྱར་སྐྲུན་བྱས་ཟིན་པའི་རྡོ་མཁར་གནའ་གྲོང་གྱི་བཀྲག་མདངས་སླར་ཡང་འཚེར་ཞིང་།ཀྲོའུ་རིགས་གནས་སྡེ་ཚན་གྱིས་ཐང་ཆེན་ཞབས་བྲོ་7བཟོས་པ་དེ་བདེ་ཆེན་གྱི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།
“ལོ་ལྔ་ཚན་བཅུ་གཅིག་པའི”རིང་།བདེ་ཆེན་གྱིས“རིག་གནས་ལ་བརྟེན་ནས་ཀྲོའུ་དར་རྒྱས་གཏོང་བའི”འཕེལ་རྒྱས་བསམ་ཕྱོགས་བཏོན་ཡོད།འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་།བདེ་ཆེན་གྱིས་མི་རིགས་ཀྱི་སྐད་ཡིག་དང་ཡི་གེའི་རིག་གནས་ཞབས་ཞུའི་མ་ལག་སྟེགས་བུ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཅིང་།ཀྲོའུ་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་ཀྱིས་ཆེད་མངགས་བོད་སྐད་རླུང་འཕྲིན་འཕྲིན་ལམ་དང་བོད་སྐད་བརྙན་འཕྲིན་འཕྲིན་ལམ་བཙུགས་ཏེ་ཀྲུང་དབྱང་དང་ཞིང་ཆེན་གསར་འགྱུར་གྱི་ལེ་ཚན་ཡིག་སྒྱུར་བྱས་པ་ཕུད།ས་གནས་དེ་གའི་ཡུལ་སྐད་སྤྱད་དེ་བཟོས་པའི་ལེ་ཚན་ཉིན་རེར་ཆུ་ཚོད་3ཡན་བསྟན་གྱི་ཡོད།《བདེ་ཆེན་ཉིན་རེའི་ཚགས་པར》གྱི་ད་ཡོད་བོད་ཡིག་པར་མའི་རྨང་གཞིའི་ཐོག《བདེ་ཆེན་བོད་ཡིག་ཚགས་པར》ཞེས་པ་གསར་གཏོད་བྱས་ཏེ་དུས་ཐེངས་རེར་ཚགས་པར་5000པར་བརྒྱབ་ནས་རིན་མི་དགོས་པར་དགོན་སྡེ་དང་།ལས་ཁུངས།སློབ་གྲྭགྲོང་གསེབ་བཅས་ལ་སྐྱེལ་གྱི་ཡོད།སེམས་ཀྱི་ཉི་ཟླའི་བོད་རིགས་དྲ་བ་བཙུགས་པས་མིག་སྔར་ཡོ་རོབ་དང་།རྒྱ་གར།ནེ་པ་ལ་སོགས་ས་ཆའི་དྲ་དམངས་མང་པོ་ཡོད།བདེ་ཆེན་ཉིན་རེའི་ཚགས་པར་གྱིས་ད་དུང་དུས་རབས་ཀྱི་རྗེས་སུ་འབྲངས་ནས་2015ལོར་བོད་ཡིག་གི་ལག་ཐོགས་ཁ་པར་ཚགས་པར་དང་སྐད་འཕྲིན་བཟོས་པ་རེད།
2015ལོའི་ལོ་མཇུག་ཏུ།བདེ་ཆེན་གྱི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)188དང་70%ཡི་གྲོང་མིའི་ཚོགས་ཆུང་གིས་རིག་གནས་བྱེད་སྒོ་སྤེལ་ཡུལ་དང་།ཞིང་པའི་དཔེ་དེབ་ཁང་201 སྲུང་སྐར་གྲངས་འཛིན་དཔེ་དེབ་ཁང་600 ལས་ཞོར་རིག་གནས་འཁྲབ་སྟོན་རུ་ཁག་300ལྷག་ཙམ་བཅས་བཙུགས་ཡོད།2015ལོའི་ཟླ་11པར།བདེ་ཆེན་གྱིས་ཀྲོའུ་དེ་ཡོངས་སུ“གྲོང་ཚོ་གཅིག་ལ་ཟླ་རེར།གློག་བརྙན་ཐེངས་རེ”བསྟན་རྒྱུ་སྒྲིག་འཛུགས་བྱས་ཏེ་བསྡོམས་རྩིས་ལྟར་ན་གློག་བརྙན་ཐེངས་2474བསྟན་པ་དང་ལྟད་མོ་བ་མི་ཐེངས་ཁྲི་28ཟིན་ཡོད་པ་རེད།
གྲོང་གསེབ་གཅིག་པུ་མིན་པར།བདེ་ཆེན་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་གྲྭ་བཙུན་ཚོར་ཡང་རིག་གནས་དམངས་ཕན་གྱི་དྲོ་སྐྱིད་ཚོར་བ་བྱས།2013ལོར་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དཔེ་དེབ་ཁང་24ཚང་མ་བསྐྲུན་ཟིན་པ་དང་དེའི་ནང་བོད་ཡིག་དེབ་སྣ་ཁ་8804དང་དེབ་གྲངས་12816ཡོད་པ་རེད།
2016ལོའི་གནམ་ལོ་གསར་ཚེས་སྐབས།བདེ་ཆེན་ཀྲོའུ་ལུས་རྩལ་སྡེ་ཚན་གྱིས་སླར་ཡང་ལོ་གཅིག་དུས་གཅིག་གི་སེམས་ཀྱི་ཉི་ཟླའི་གྲོང་ཁུལ་གྱི“གྲོང་དཀྱིལ་དུ་རྒྱུག་ཤར་གློད་པའི”བྱེད་སྒོ་སྤེལ་བ་དང་སྲོལ་རྒྱུན་གྱི་འགྲན་བསྡུར་དེ་དང་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རྟ་རྒྱུག་དུས་ཆེན་དེ་སེམས་ཀྱི་ཉི་ཟླའི་གྲང་མིར་དགའ་ཤོས་བྱེད་པའི་དུས་ཆེན་ཞིག་ཏུ་གྱུར་ཡོད།ཀྲོའུ་ལུས་རྩལ་སྡེ་ཚན་གྱི་བསྡོམས་རྩིས་བྱས་པར་གཞིགས་ན།2014ལོ་དང་2015ལོར་ལག་བསྟར་བྱས་པའི་ལུས་སྦྱོང་གི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་390ལྷག་ཙམ་ཡོད།རྫོང་ཁག་དང་གྲོང་ཁྱེར་གྱི་གྲོང་ཁུལ་ཁག་ཏུ་གྲོང་མི་ཚོས་ད་དུང་ལུས་རྩལ་ཐང་དུ་བསྐྱོད་ནས་རིན་མི་དགོས་པར་ལུས་སྦྱོང་བྱས་ཏེ་ལུས་སྦྱོང་གི་དགའ་སྣང་ལོངས་སུ་སྤྱོད་ཆོག