ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་རྣམ་གྲངས3ལ་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་སྤུས་ལེགས་ཀྱི་བྱ་དགའ་ཐོབ།

        2017-10-11

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་ལུས་རྩལ་རིག་གནས་དངོས་མང་སྟོན་ཚོགས་དང་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་དངོས་མང་སྟོན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བྱས་པའི་ཆེད་མཁས་ཞིབ་དཔྱད་ཚོགས་འདུའི་སྟེང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྣམ་གྲངས3ལ་ལུས་རྩལ་ཡུལ་སྐོར་སྤུས་ལེགས་ཀྱི་བྱ་དགའ་ཐོབ། 

     རྒྱུས་ལོན་བྱུང་བ་ལྟར་ན། ཡུན་ནན་ཞིང་ཆེན་གྱི་བསྡོམས་པས་རྣམ་གྲངས12ལ་ལུས་རྩལ་ཡུལ་སྐོར་སྤུས་ལེགས་ཀྱི་བྱ་དགའ་གནང་བ་དང་། དེའི་ཁྲོད་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་གསར་འགྱུར་ཅུའུ་ཡིས་རྩ་འཛུགས་གོང་ཞུ་བྱས་པའི་རྣམ་གྲངས15ཡོད་དེ། 

     ཁ་བ་དཀར་པོར་རྐང་ཐང་སྐྱོད་པའི་ཡུལ་སྐོར་ལམ་ཐིག2017ལོའི་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་ལམ་ཐིག་སྤུས་ལེགས་སུ་བདམས་པ་དང་། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང2017ལོའི་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་སྤུས་ལེགས་ཀྱི་མཛེས་ལྗོངས་ཁུལ་དུ་བདམས་པ། སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་ལུས་རྩལ་སྤྱི་གླིང2017ལོའི་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་སྤུས་ལེགས་སུ་བདམས་པ་རེད། །


  • ལེ་ཚན་སྔོན་མ།:བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླའི་སྐབས་གཉིས་པའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་བྱེད་སྒོ་བདེ་ལེགས་ངང་མཇུག་སྒྲིལ།
  • དོ་སྣང་ཆེ་བའི་རྩོམ།