བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-11-01
ཟླ10པའི་ཚེས28ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་འཕྲིན་ལམ་གྱི《སེམས་ཀྱི་ཉི་ཟླའི་དམངས་ཁྲོད》ཞེས་པའི་ལེ་ཚན་བསྒྲིགས་ཚར་ཞིང་། ལེ་ཚན་དེར་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་རིག་གནས་ཁྱོན་ཡོངས་སུ་མངོན་མཚོན་བྱེད་པར་བརྒྱུད་ནས་རིམ་གྱིས་བོད་སྐད་འཕྲིན་ལམ་གྱི་མཆོག་ཏུ་གྱུར་པའི་ལེ་ཚན་ཞིག་ཏུ་བསྐྲུན་པ་ཡིན།
ཉེ་ཆར་ལེ་ཚན་ཚན་ཆུང་གི་ཁོངས་མི་རྣམས་སྐོར་བྲོའི་ཕ་ས་སྟེ་སྤམ་རྩེ་རགས་སུ་སོང་ནས་འདོན་ཐེངས་དང་པོ་སྟེ《སྤམ་རྩེ་རགས་ཀྱི་སྐོར་བྲོ》ཞེས་པ་ཕབ་བསྐྲུན་བྱས། དམངས་ཁྲོད་ལེ་ཚན་ཁྲོད་གཙོ་བོ་རྒྱལ་ཐང་གི་ཡུལ་སྐད་དང་བདེ་ཆེན་གྱི་ཡུལ་སྐད་གཉིས་ཀྱི་ལམ་ནས་བདེ་ཆེན་ཁུལ་གྱི་མང་ཚོགས་མང་པོ་ཞིག་གིས་ཁམས་ཀྱི་ཡུལ་སྐད་གོ་དཀའ་བའི་དཀའ་ཁག་སེལ་ནས་ཡུལ་དེ་གའི་རོང་འབྲོག་མང་ཚོགས་ལ་ཞབས་ཞུ་གང་ལེགས་བསྒྲུབ་པ་ཡིན། ལེ་ཚན་འདི་གཟའ་རེར་ཐེངས་གཅིག་དང་ཟླ11པའི་ཚེས5ཉིན་ནས་གཏོང་འགོ་བརྩམ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10