བདེ་ཆེན་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལག་བརྡའི་གསོ་སྦྱོང་སྤེལ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2013-10-22
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས2013ལོའི་ཁུལ་ཡོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་མ་ལག་གི་ལག་བརྡའི་གསོ་སྦྱོང་སྤེལ།
ལག་བརྡ་ནི་ཐོས་ཤུགས་འགལ་རྐྱེན་ཡོད་པའི་མི་སྣས་ཕན་ཚུན་འབྲེལ་གཏུག་བྱེད་པ་དང་བསམ་བློ་སྤེལ་རེས་བྱེད་པའི་ལག་པའི་སྐད་ཆ་ཞིག་ཡིན། ལག་བརྡའི་གསོ་སྦྱོང་ནི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལག་བསྟར་བྱེད་པའི་འོན་ལྐུགས་དབང་པོ་སྐྱོན་ཅན་དང་འབྲེལ་བ་ཡོད་པའི་ལས་ཀའི་གཙོ་གནོད་དེ་ཡིན་པ་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་དབང་པོ་སྐྱོན་ཅན་བར་དུ་འབྲེལ་གཏུག་ཡག་པོ་བྱེད་པའི་ཟམ་པར་འདྲ་ཞིང་། འོན་ལྐུགས་དབང་པོ་སྐྱོན་ཅན་གྱི་ལས་ཀ་ཡག་པོ་སྒྲུབ་ཐུབ་པའི་འཀག་རྩ་ཡང་ཡིན་པ་རེད།