བདེ་ཆེན་ཁུལ་གྱིས“ཤུལ་བཞག་རིག་གནས་ཉིན་མོའི”བྱ་འགུལ་སྤེལ་རྒྱུ་རེད།

ཚེ་རིང་རྒྱ་མཚོས་བསྒྱུར།        2014-06-11

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཅུའུ་ཡིས་ཟླ6པའི་ཚེས12ཉིན་ནས་ཚེས14ཉིན་བར2014ལོའི་ཐེངས་དགུ་པའི“ཤུལ་བཞག་རིག་གནས་ཉིན་མོའི”བྱ་འགུལ་སྤེལ་རྒྱུ་རེད། ཚེས12ཉིན་གྱི་ཕྱི་དྲོའི་དུས་ཚོད2ནས་དུས་ཚོད4དང་སྐར་མ་སུམ་ཅུ་བར་བདེ་ཆེན་ཁུལ་མི་རིགས་ཆེད་སྦྱོང་སློབ་གྲྭའི་ལུས་རྩལ་ར་བ་ནས“དངོས་མིན་ཤུལ་བཞག་རིག་གནས་སློབ་གྲྭ་རུ་སྐྱོད་པ”ཞེས་པའི་གླུ་གར་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་དང་།ཚེས14ཉིན་གྱི་སྔ་དྲོའི་དུས་ཚོད10ནས་དུས་ཚོད12དང་སྐར་མ་སུམ་ཅུ་བར་དཀྱིལ་འཁོར་ཐང་ཆེན་དུ“ཤུལ་བཞག་རིག་གནས་ཉིན་མོའི”དགའ་སྟོན་བྱ་འགུལ་སྤེལ་རྒྱུ་རེད།  ཚེས13ཉིན་ནས་ཚེས14ཉིན་བར་སེམས་ཀྱི་ཉི་ཟླ་རྫོང་མི་རིགས་ལུས་རྩལ་ར་བ་ནས་དངོས་མིན་ཤུལ་བཞག་རིག་དངོས་ཕྱོགས་ཀྱི་སྲོལ་རྒྱུན་ལག་རྩལ་འགྲེམ་སྟོན་བྱེད་རྒྱུ་ཡིན་པས།  རྒྱ་ཆེའི་མང་ཚོགས་རྣམས་བྱ་འགུལ་ནང་ཞུགས་པར་དགའ་བསུ་བྱེད་ཀྱིན་ཡོད་པ་རེད།  ། 
 
  • ལེ་ཚན་སྔོན་མ།:ཐའེ་ཝན་གྱི་གྲངས་ཉུང་མི་རིགས་དགེ་རྒན་རྣམས་བདེ་ཆེན་ཁུལ་དུ་སོང་ནས་འཚམས་འདྲི་བྱས་པ།
  • ལེ་ཚན་རྗེས་མ།:ཡུན་ནན་སེམས་ཀྱི་ཉི་ཟླ་རུ་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།