ཚེ་མགོན་རྒྱལ། ཀྲུང་གོའི་བོད་ལྗོངས། 2014-05-09
ཉེ་ལམ།སྔར་ལས་ལྷག་པར་རྩྭ་ཐང་གི་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཁྱབ་གདལ་དུ་གཏོང་ཆེད།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་ཅུའུ་ཡིས་རྩྭ་ཐང་སྲུང་སྐྱོང་དང་ཁྲིམས་འཛིན་དྲིལ་སྒྲོག་ཟླ་འཁོར་བྱ་འགུལ་སྤེལ།སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་ཅུའུ་ཡིས«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས»དང«བདེ་ཆེན་ཁུལ་གྱི་རྩྭ་ཐང་དོ་དམ་སྲོལ་ཡིག»བཅས་འབྲེལ་ཡོད་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་ནང་དོན་འདུས་པའི་རྩྭ་ཐང་ཤེས་བྱའི་དྲིལ་སྒྲོག་ཟླ་འཁོར་བྱ་འགུལ་སྤེལ།རྫོང་དང་གྲོང་གསེབ་དུ་དྲིལ་བསྒྲགས་བྱ་འགུལ་ཐེངས་བཅུ་གཉིས་ལ་སྤེལ་བ་དང་།དྲིལ་བསྒྲགས་བྱང་བུ་བཅུ་གཅིག དྲིལ་བསྒྲགས་ཡིག་ཆ་གཉིས།རྩྭ་ཐང་བཅའ་ཁྲིམས་དང་རྩྭ་ཐང་དོ་དམ་ཁྲིམས་ལུགས།སྲིད་ཇུས་ཡིག་ཆ་ཕྱོགས་བསྡུས་ལག་དེབ་བཅས་དྲུག་བརྒྱ་རེ་གསུམ་འགྲེམ་སྟོན་བྱས་པ་དང་མང་ཚོགས་འབུམ་གཅིག་དང་སྟོང་བརྒྱད་ལྷག་རྩྭ་ཐང་སྲུང་སྐྱོང་དང་ཁྲིམས་ལུགས་ཤེས་བྱའི་གསོ་སྐྱོང་ལ་ཞུགས་པས།དམངས་ཡོངས་ཀྱི་རྩྭ་ཐང་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10