མདོ་དབུས་མཐོ་སྒང་གི་འབྲོག་ཁུལ་གྱི་ལོ་མང་བོའི་རྩྭ་འདེབས་འཛུགས་ཀྱི་ཚོད་ལྟར་གྲུབ་འབྲས་གསར་བ་བྱུང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-12-12

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ནད་སྨན་པ་ཚན་རིག་སློབ་གླིང་གིས་ལོ་མང་བོར་རྩྭ་འདེབས་འཛུགས་ཀྱི་ཚོད་ལྟ་ཞིབ་འཇུག་བྱས་མཐར། མིག་སྔར་ལས་གཞི་དེའི་གྲུབ་འབྲས་ལ་གདེང་འཇོག་ཐོབ་ཅིང་། རྒྱལ་ཁབ་རིམ་པའི་སྔོན་གྲས་ཀྱི་ཆུ་ཚད་དུ་བསླེབས། གཞན་ཡང་། མདོ་ལ་རི་བོའི་མཐོ་སྒང་ས་ཆའི་རྩྭ་ས་སླར་གསོ་དང་། བཅོས་སྐྱོང་། རྩྭ་འདེབས་སའི་གནས་གཞིའི་འཛུགས་སྐྲུན་ལ་གཞུང་ལུགས་ཀྱི་གཞི་འའཛིན་ས་དང་ལག་རྩལ་གྱི་ཁས་ལེན་གང་ལེགས་ཐོབ།

ལོ་གསུམ་གྱི་ནང་དུ།ཞིབ་འཇུག་མི་སྣས་རྩྭ་སྣ་ཁ་བཅུ་དྲུག་ལྷག་གི་རང་བཞིན་དང་སྐྱེ་སྟོབས་ཀྱི་ནུས་པ་སོགས་ལ་མ་ལག་ཞིབ་འཇུག་བྱས་མཐར།དེའི་ནང་གི་རྩྭའི་རིགས་བཅུ་གཉིས་ཀྱི་ཚོད་ལྟ་བདེ་བླག་ངང་ལེགས་འགྲུབ་བྱས་ནས།དུས་ལྟར་སྐྱེ་འཕེལ་གྱི་ནུས་པ་ཐོན། དེ་དང་མཉམ་དུ། ལས་གཞི་སྣ་མང་ལ་ཕྱོགས་བསྡུས་རང་བཞིན་གྱིས་གདེང་འཇོག་བྱས་མཐར། རྩྭ་ས་གཏོར་བརླག་བྱེད་ཚད་ཇེ་ཉུང་དུ་སོང་ནས།སྐྱེ་ཁམས་དང་རྩྭ་སའི་རྒྱ་ཁྱོན་ཇེ་ཆེར་སོང་། །

  • ལེ་ཚན་སྔོན་མ།:ནག་ཆུ་ས་ཁུལ་གྱི་སྐབས་བརྒྱད་པའི་ཕྱུགས་ལས་ཐོན་རྫས་ཚོང་འདུས་འགོ་ཚུགས།
  • ལེ་ཚན་རྗེས་མ།:རྔ་བ་ཁུལ་དེ་རྒྱལ་ཡོངས་ཀྱི་འོད་གཟུགས་དྲ་བའི་ཁུལ་ཐོག་མར་གྱུར།
  • དོ་སྣང་ཆེ་བའི་རྩོམ།