དར་མདོ་རྫོང་གིས་བྱེད་ཐབས་ལྔ་སྤྱད་ནས་མི་རྒོད་མཚོའི་མཛེས་ལྗོངས་ས་ཁུལ་དེ་ཚད་མཐོ་ཤོས་ཀྱི་ལྗོངས་རྒྱུའི་མཛེས་ཁུལ་དུ་བསྐྲུན།
དབྱངས་ཅན་གྱིས། 2011-08-23
དར་མདོ་རྫོང་དེ་རྒྱལ་སྤྱིའི་མིང་གྲགས་ལྡན་པའི་ལྗོངས་རྒྱུའི་གྲོང་ཁྱེར་དུ་བསྐྲུན་པའི་དམིགས་ཡུལ་ལ་དམིགས་ནས།རྫོང་དེས་ཉེ་དུས་བྱེད་ཐབས་ལྔ་སྤྱད་ནས་མི་རྒོད་མཚོའི་མཛེས་ལྗོངས་ས་ཁུལ་དེ་ཚད་མཐོ་ཤོས་ཀྱི་ལྗོངས་རྒྱུའི་མཛེས་ཁུལ་དུ་སྐྲུན་པའི་ལས་ཀར་སྐུལ་འདེད་བཏང་བ་རེད།
དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཡ་རབས་ཚུལ་ལྡན་གྱི་ལྗོངས་རྒྱུ་བྱ་རྒྱུ་དར་སྤེལ་བཏང་བ།མཛེས་ལྗོངས་ས་ཁུལ་དུ་ཕྱིན་པའི་ལྗོངས་རྒྱུ་བ་ཚོར་ཡ་རབས་ཚུལ་ལྡན་གྱིས་ལྗོངས་རྒྱུ་བྱེད་པ་དང་།ལྗོངས་རྒྱུ་བ་ཚོ་རང་རྟོགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་བདག་སྐྱོང་གི་བྱེད་སྒོའི་ནང་ཞུགས་དགོས་པའི་གྲོས་གཞི་བཏོན་པ་རེད།
སྒྲིག་ཆས་ཆ་ཚང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བདག་སྐྱོང་གི་རྨང་གཞི་སྲ་བརྟན་བཏང་བ།སྤྱི་སྤྱོད་འཛུགས་སྐྲུན་དངོས་པོ་དང་།ཞོར་གཏོགས་བཟོ་སྐྲུན།གཞུང་ལམ་སོགས་ལ་དུས་རྒྱུན་དུ་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་གད་སྙིགས་བླུག་སྒམ30བརྗེས་ནས།མགྱོགས་མྱུར་དུ་གད་སྙིགས་གཙང་སེལ་དང་སྐྱེལ་འདྲེན་བྱས་པ་རེད།ལྡུམ་ར་སྔོ་ལྗང་ཅན་དུ་འགྱུར་བར་ཤུགས་སྣོན་བརྒྱབ་ནས་ལྗོངས་རྒྱུ་བྱེད་སའི་ཁྱོན་ཡོངས་ལ་མཛེས་ཆས་སྤྲས།དུས་ཚིགས་དང་བསྟུན་ནས་རླངས་འཁོར་འཇོག་སའི་མཐའ་སྐོར་དུ་རྩྭ་སྔོ་འདེབས་རྒྱ་ཆེ་རུ་གཏོང་ཞིང་།ཐང་ཤིང་དང་མེ་ཏོག་ཡིང་ཧྭ་ཡི་སྡོང་ཕྲུག500བཙུགས་ནས་མཛེས་ལྗོངས་ས་ཁུལ་ཡོངས་སུ་སྔོ་ལྗོངས་ཅན་དུ་འགྱུར་ཐུབ་པ་བྱས།འགྲིམ་འགྲུལ་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་ལམ་ཡག་པོ་ཡོང་བར་ཁག་ཐེག་བྱས།ཆུ་ཁོངས་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆུའི་ཁོར་ཡུག་འཐུས་ཚང་བཏང་བ།