དཀར་མཛེས་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་སྡུག་ཆེན་པོས་རྟའུ་རྫོང་མེ་གསོད་དཔའ་བོའི་སྐུ་གདུང་བསྐྱལ།

        2010-12-09

དཀར་མཛེས་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་སྡུག་ཆེན་པོས་རྟའུ་རྫོང་མེ་གསོད་དཔའ་བོའི་སྐུ་གདུང་བསྐྱལ།

ཟླ་བ12པའི་ཚེས6ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པར་སི་ཁྲོན་དཀར་མཛེས་ཁུལ་གྱི་རྟའུ་རྫོང་གི“ཟླ་བ12པའི་ཚེས5ཉིན་གྱི་རྩ་ཐང་མེ་སྐྱོན་ནང་ཤི་བའི”ནང་ཤི་བའི་མེ་གསོད་དཔའ་བོ15ཡི་གདུང་སྒམ་དར་མདོ་རུ་པུར་བཞུས་བྱེད་སར་སྐྱེལ་བ།རྟའུ་རྫོང་གི་མི་སེར་ཁྲི་ལྷག་ཙམ་ཞིག་གིས་བྲང་ལ་མེ་ཏོག་དཀར་པོ་བཏགས་ནས་ཁྲོན་བོད་རྒྱལ་ལམ317རྟའུ་གྲོང་ཁུལ་གྱི་གཞུང་ལམ་དུམ་བུའི་ཐོག་གྲ་འགྲིག་པོར་ལངས་ཏེ་མིག་མཆི་མས་གང་བཞིན་དུ་མེ་བསོད་དཔའ་བོ་བསྐྱལ་བ།ཚེས7ཉིནགྱི་ནམ་ལངས་ཁར་ཆུ་ཚོད2པར་དཔའ་བོ15ཡི་སྐུ་གདུང་འདྲེན་མཁན་རླངས་འཁོར་དར་མདོའི་གཡག་ར་ལྟག་སྒོའི་ཐང་ཆེན་དལ་བུ་ནས་གཏོང་ཡོང་དུས་ཚེས6ཉིན་གྱི་ཕྱི་དྲོའི་ཆུ་ཚོད11ནས་གཡག་ར་ལྟག་སྒོའི་ཐང་ཆེན་དུ་འདུ་འཛོམས་བྱས་ནས་སྒུག་བཞིན་ཡོད་པའི་དར་མདོ་གྲོང་གྲོང་གྱི་དམག་ཁག་གི་དཔོན་དམག་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་སྡུག་ཆེན་པོས་མིག་ལ་མཆི་མ་གཏོང་བཞིན་དཔའ་བོའི་སྐུལ་གདུང་བསུ་མ་ཞུ་ཞིང་བླ་ན་མེད་གུས་བཀུར་ཞུ་བ་རེད།ཟླ་བ༡༢པའི་ཚེས༨ཉིན་གྱི་སྔ་དྲོར་དར་མདོའི་གཡག་རྭ་ལྟག་ཐང་དུ་དམངས་ཚོགས་ཁྲི་ལས་བརྒལ་བ་འཛོམས་ནས་དཔའ་བོ་རྣམས་ཀྱི་སྐུ་གདུང་སྐྱེལ་མ་བྱེད།
  • ལེ་ཚན་སྔོན་མ།:རྟའུ་ཡི༡༢、༥ ཡི་མེ་བསད་ཟིན།
  • ལེ་ཚན་རྗེས་མ།:དཀར་མཛེས་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་སྡུག་ཆེན་པོས་རྟའུ་རྫོང་མེ་གསོད་དཔའ་བོའི་སྐུ་གདུང་བསྐྱལ།
  • དོ་སྣང་ཆེ་བའི་རྩོམ།