བོད་ལྗོངས་ཀྱི་ལས་གཞི13རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་གྲས་སུ་ཚུད།

མི་ཆུང་།    མཚོ་སྔོན་པོ་དྲ་བ།    2014-12-19

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཐེངས་བཞི་བའི་འཐུས་ཚབ་ཅན་གྱི་རྣམ་གྲངས་ཁྲོད།བོད་རང་སྐྱོང་ལྗོངས་ཀྱི་འོང་སྐོར་དུས་ཆེན་དང་།རྡུལ་ཚོན་དཀྱིལ་འཁོར་བཞེངས་ཚུལ།བསམ་ཡས་དགོན་པའི་འཆམ་སོགས་རིགས13གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་སུ་ཚུད་པ་རེད།སྤྱི་ཟླ12པའི་ཚེས8ཉིན།བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཁྲུའུ་ཡི་ཁྲུང་ཀྲང་ནས་གསུང་དོན། འདིས་ལོ་ངོ་བརྒྱ་སྟོང་གི་རིང་གི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སྔར་མེད་ཀྱི་སྲུང་སྐྱོབ་དང་རྒྱུད་འཛིན་གནང་བའི་གོ་སྐབས་ཡག་ཤོས་ཐོབ་པ་རེད། བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་ཅན་གྱི་རྣམ་གྲངས་རིགས89ལ་སླེབས་ཡོད་ཅེས་གསལ་བརྗོད་གནང་འདུག
       གསར་འགོད་པས་རྒྱུས་ལོན་ལྟར་ན།ཐེངས་འདིའི་རྣམ་གྲངས་ཁྲོད།བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་གྲགས་ཅན་སྐོར་ཅིག་ཚུད་འདུག་སྟེ།དམངས་སྲོལ་ལ་འོང་སྐོར་དུས་ཆེན་དང་།སྲོལ་རྒྱུན་མཛེས་རྩལ་ལ་རྡུལ་ཚོན་དཀྱིལ་འཁོར་བཞེངས་ཚུལ་དང་སྙེ་བྲིས། སྲོལ་རྒྱུན་རོལ་དབྱངས་ལ་ནག་ཆུའི་ལ་གཞས། སྲོལ་རྒྱུན་ཞབས་བྲོ་ལ་བསམ་ཡས་དགོན་གྱི་འཆམ།སྲོལ་རྒྱུན་ལག་རྩལ་ལ་སྒྲ་སྙན་བཟོ་རྩལ་སོགས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་རམ་ས་གནས་དྲུག་གི་རིག་གནས་འདུས་ཡོད་འདུག
       བསྡོམས་རྩིས་ལྟར་ན།མིག་སྔའི་བར།བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས89དང་།རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ69དང་།རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས323དང་རྒྱུད་འཛིན་པ350ཡོད་པ་མ་ཟད།རྒྱལ་ཁབ་དང་རང་སྐྱོང་ལྗོངས།གྲོང་ཁྱེར་རམ་ས་གནས།རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བཅས་རིམ་པ་བཞིའི་ཐོག་མའི་མ་ལག་གྲུབ་ཡོད་པར་བཤད།
       མཚམས་སྦྱོར་ལྟར་ན།གཟུགས་འདས་ཤུལ་བཞག་རིག་གནས་དེ་བསྐལ་བརྒྱའི་བར་ཏུ་བརྟན་ཅིང་མུ་ནས་རྒྱུན་སྐྱོང་བར་དམིགས་ཏེ།བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་པའི་ངག་རིག་མྱུར་སྐྱོབ་ཀྱི་ཐོ་འགོད་ལས་ལ་འབད་དེ་ཐུན་མིན་གྱི་རིག་གནས་མི་ཉམས་དར་སྤེལ་ལ་བརྩོན་པ་ལྷུར་ལེན་གནང་བཞིན་ཡོད་དོ། །
  • ལེ་ཚན་སྔོན་མ།:ཧུའུ་པེའི་ཞིང་སྡེ་གསར་པའི་ནང་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དེ་ཡུལ་ལྗོངས་ཤིག་ཏུ་ཆགས།
  • ལེ་ཚན་རྗེས་མ།:ཧྲན་ཏུང་ཞིང་ཆེན་ཀྲོའུ་ཕིང་གྲོང་སྡེའི་གྲོང་མིས་སྡེ་ཁུལ་གསར་པར་སྤོས་ཏེ་དྲོད་ལྡན་གྱི་དགོན་ཁར་སྐྱེལ།
  • དོ་སྣང་ཆེ་བའི་རྩོམ།