ཡུལ་ཤུལ་གྱི་དྭ་ཕྲུག་རྣམས་ཕ་ཡུལ་གཉིས་པར་དགའ་སྤྲོའི་ངང་འཚར་ལོངས་འབྱུང་བཞིན་ཡོད།

        2014-04-17

 ཨན་ཧུའེ་ཞིང་ཆེན་པེང་པུའུ་མེ་ཧྥོ་ཨར་རྒྱལ་སྤྱིའི་སློབ་གྲྭར་འཚོ་བ་སྐྱེལ་བཞིན་པའི་ཡུལ་ཤུལ་གྱི་ས་འགུལ་དུ་ལུས་པའི་དྭ་ཕྲུག18ལ་མཚོན་ནས་བཤད་ན། འདས་པའི་ལོ4ཡི་ནང་སྤྱི་ཚོགས་ལས་རིགས་ཁག་གིས་གཅེས་སེམས་སྦྱིན་པས་ཁོ་ཚོ་ས་འགུལ་གྱི་སྡུག་བསྔལ་ནས་རིམ་བཞིན་ཡལ་ཏེ་འཚོ་བའི་ཁོར་ཡུག་གསར་པའི་ནང་ལོབས་པ་རེད། 2010ལོའི་ཟླ་བ9པར། ཡུལ་ཤུལ་དུ་ས་འགུལ་ཐེབས་ནས་ཡུན་རིང་མ་སོང་བར་བྱིས་པ18དེ་ཀྲུང་ཧྭ་བྱིས་པ་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་ཚོགས་པས་རོགས་སྐྱོར་བྱས་འོག་པེང་པུའུ་མེ་ཧྥོ་ཨར་རྒྱལ་སྤྱིའི་སློབ་གྲྭའི་ཡུལ་ཤུལ་འཛིན་གྲྭ་རུ་ཡི་གེ་འདོན་དུ་བཅུག་པ་རེད། ད་ལྟར་ལོ4འདས་ཤིང་། བྱིས་པ18དེ་ཚོགས་པའི་འཚོ་བའི་ནང་རང་ཚུགས་དང་ཕན་ཚུན་གཅེས་སེམས། དྲིན་གཟོ་བཅས་ཤེས་པར་གྱུར།
    ལོ་རེའི་དབྱར་གསེང་ནང་བྱིས་པ་ཚང་མ་ཕ་ཡུལ་ཡུལ་ཤུལ་དུ་བསྐྱལ་ཏེ་གཉེན་ཉེ་དང་མཉམ་འཛོམས་བྱེད་དུ་འཇུག མ་འོངས་པ་འཆད་དུས་བྱིས་པ་རྣམས་ཀྱིས་བཤད་རྒྱུར། འདིར་སློབ་སྦྱོང་བྱས་ཚར་རྗེས་ཁོ་ཚོས་ཕ་ཡུལ་ཡུལ་ཤུལ་དུ་ལོག་སྟེ་གཉེན་ཉེ་རྣམས་དང་མཉམ་དུ་འཚོ་བ་བྱ་རྒྱུའི་རེ་བ་ཡོད་ཅིང་། གལ་སྲིད་ང་ཚོ་ནམ་ཞིག་ལ་ཕ་ཡུལ་ཡུལ་ཤུལ་དུ་ལོག་སོང་ན་ང་ཚོས་ས་གནས་འདི་དང་འདི་གའི་མི་རྣམས་ནམ་ཡིན་ཡང་བརྗེད་མི་སྲིད་ཅེས་བཤད་པ་རེད།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་མཁའ་དམག་ལས་ཁུངས་ལ་ཕེབས་ནས་མཁའ་དམག་འཛུགས་སྐྲུན་དང་མཁའ་དོན་འཐབ་རྩོད་གྲ་སྒྲིག་ཐད་ལ་རྟོག་ཞིབ་
  • ལེ་ཚན་རྗེས་མ།:ལྗོངས་ཡོངས་ཀྱི2014ལོའི“ཚན་རྩལ་གཤམ་སྤེལ”གྱི་བྱེད་སྒོ་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།