ཞི་ཅིན་ཕེན་གྱིས་དབྱི་སི་རལ་གྱི་ཙུང་ཐུང་ཕེ་ལོས་སི་དང་གྲོས་མོལ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-04-10

ཞི་ཅིན་ཕེན་གྱིས་དབྱི་སི་རལ་གྱི་ཙུང་ཐུང་ཕེ་ལོས་སི་དང་གྲོས་མོལ་མཛད་པ།
ཟླ4བའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་སི་རལ་གྱི་ཙུང་ཐུང་ཕེ་ལོས་སི་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་མཛད་པའི་སྔོན་ལ་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕེ་ལོས་སི་ལ་དགའ་བསུ་ཞུ་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས8ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་སི་རལ་གྱི་ཙུང་ཐུང་ཕེ་ལོས་སི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་དབྱི་སི་རལ་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད། ཕྱོགས་གཉིས་ཀྱི་མཛའ་མཐུན་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་རྒྱུའི་ཐག་བཅད།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་རྗེས། ཆབ་སྲིད་ཀྱི་འབྲེལ་བ་བཟང་ཞིང་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་ཕྱོགས་དང་མཉམ་དུ་མུ་མཐུད་ནས་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ་དང་། ཀྲུང་གོ་དང་དབྱི་སི་རལ་སྲིད་གཞུང་བར་དུ་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་ནང་རྐྱེན་བཙུགས་ཏེ། ཞིང་ལས་དང་ནུས་ཁུངས། ཁོར་ཡུག་སྲུང་སྐྱོབ། སློབ་གསོ། སྨན་བཅོས། ཚན་རྩལ་གསར་སྐྲུན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་མུ་མཐུད་དུ་མཛའ་བཤེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཀྲུང་གོ་དང་དབྱི་སི་རལ་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཟེར།

ཕེ་ལོས་སི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཀྲུང་གོ་ཞི་བདེ་ལ་དགའ་བ་དང་། ཀྲུང་གོ་མི་དམངས་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་ནས་གྲུབ་འབྲས་ཉམས་དགའ་བ་བླངས་པར་ཡིད་སྨོན་བྱེད་ཀྱིན་ཡོད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་གོ་སྐབས་སྔར་ལས་མང་པོ་བསྐྲུན་པར་ང་ཚོར་ཡིད་ཆེས་ཡོད། དབྱི་སི་རལ་ཕྱོགས་ཀྱིས་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བར་ཤུགས་སྣོན་འདོད་ཡོད་ཟེར།   ། 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ས་གནས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས།
  • ལེ་ཚན་རྗེས་མ།:ཀྲང་ཏི་ཅང་གིས་ཏིས་ཝུན་ཤར་མའི་ཙུང་ལི་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།