མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱེད་པ།

    བོད་ཀྱི་དྲ་བ།    2014-03-31

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱེད་པ།

      མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེན་ཆེན་རྫོང་གིས2012ལོར་རྫོང་ཡོངས་སུ་ལོ་གསུམ་གྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་སློབ་ཡོན་མེད་པར་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཤིང་། ས་གནས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི800ཡན་བཏང་ནས་བྱིར་གཉོར་ཁང་གི་སློབ་ཡོན་སྣ་ཚོགས་མེད་པར་བཏང་བས། ཐེན་ཆེན་རྫོང་གི་ཁྱིམ་ཐོ་ཡོད་པའི་བྱིས་པ་དག་བྱིས་གཉོར་ཁང་ནས་མཐོ་འབྲིང་བར་གྱི་ལོ15རིང་གི་སློབ་གསོའི་འགྲོ་གྲོན་མེད་པར་གཏོང་བ་མངོན་འགྱུར་བྱས་ལ། དེས་རིགས་སོ་སོའི་སློབ་མ5000ལྷག་གིས་སློབ་ཡོན་དང་དཔེ་རིན། མལ་ཁང་གི་རིན་པ། ཟ་རིན། སྨན་བཅོས་རིན་པ་སོགས་ཀྱི་འགྲོ་གྲོན་མེད་པར་བཏང་བའི་སྲིད་ཇུས་ལོངས་སྤྱོད་བྱས།

  • ལེ་ཚན་སྔོན་མ།:བྱིས་པ་ལོ་ཆུང་འཁྲབ་སྟོན་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་ཆེན་པེ་ཅིང་དུ་སྐོང་འཚོགས་བྱས་པ།
  • ལེ་ཚན་རྗེས་མ།:2014ལོའི་དབྱི་སི་ལན་ཟས་རིགས་འགྲེམ་སྟོན་གྱི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།