མགོ་ལོག་ཁུལ་གྱིས་དབུལ་ཕོངས་ངལ་རྩོལ་པའི་གསོ་སྦྱོང་བྱ་བར་ཤུགས་བསྣན་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ།    2014-02-28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་ཡུན་ཐུང་བའི་གསོ་སྦྱོང་དང་དུས་ཡུན་རིང་བའི་གསོ་སྦྱོང་ཟུང་སྦྲེལ་གྱི་བྱེད་ཐབས་ལ་བརྟེན་ནས། ཧུར་བརྩོན་གྱིས་ངལ་རྩོལ་པའི་གསོ་སྦྱོང་སྤོ་བསྒྱུར་མ་དངུལ་སྒོར་ཁྲི180བརྩོན་ལེན་བྱས་ཏེ་ཁུལ་ཡོངས་ཀྱི་ངལ་རྩོལ་པའི་དུས་ཡུན་རིང་འབྲིང་ཐུང་གསུམ་གྱི་གསོ་སྦྱོང་ལ་ཤུགས་བསྣན།
 
རྒྱུས་ལོན་པ་ལྟར་ན། གསོ་སྦྱོང་ཁྲོད་ཁུལ་ཡོངས་ཀྱི་དབུལ་ཕོངས་རོང་འབྲོག་པ་མི100ཞིང་ཆེན་དང་ཁུལ་རིམ་པའི་ལག་རྩལ་སློབ་གྲྭ་ནས་དུས་ཡུན་ལོ1ནས2བར་ལ་ཆེད་ལས་ནུས་རྩལ་གསོ་སྦྱོང་བྱས་ཏེ། དབུལ་ཕོངས་ངལ་རྩོལ་པའི་གསོ་སྦྱོང་སྤོ་བསྒྱུར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་ལས་ཞུགས་ལས་སྐྲུན་གྱི་ནུས་པ་ཇེ་ཆེར་བཏང་། “སྦྲང་ཆར་འཆར་འགོད”གསོ་སྦྱོང་ལ་འབྲེལ་ནས་དབུལ་ཕོངས་མི་གྲངས600ལ་རླངས་འཁོར་ཁ་ལོ་བ་དང་ཞིང་ལས་འཕྲུལ་ཆས་བེད་སྤྱོད། མ་ཎི་རྡོ་བརྐོས། ཐང་ཀ་བཟོ་བ། མི་རིགས་གླུ་གར་གསོ་སྦྱོང་སོགས་ངལ་རྩོལ་པར་དུས་ཡུན་ཐུང་བའི་གསོ་སྦྱོང་བྱས་ཏེ། དབུལ་ཕོངས་ངལ་རྩོལ་པའི་གསོ་སྦྱོང་ལ་བརྟེན་ནས་ལག་རྩལ་སྣ་གཅིག་བྱང་ཆུབ་པར་བྱས་ཏེ་ལས་ཞུགས་མངོན་འགྱུར་དང་ཡོང་སྒོ་ཇེ་མང་ལ་བཏང་།  །
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་གནའ་དཔེ་སྲུང་སྐྱོང་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་བཙུགས་པ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།