བོད་ལྗོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བ་དང་དེང་རབས་ཅན་གྱི་ཞིང་ལས་ཐོན་སྐྱེད་ཡོ་བྱད་སྤྱོད་པར་ཁྱབ་གདལ་བཏང་བར་བརྒྱུད། གནག་ཕྱུགས་ཀྱིས་སྐྱེལ་འདྲེན་དང་ཞིང་རྨོ་བའི་ཕན་ནུས་རིམ་དུ་ཉམས་པ། གནག་ཕྱུགས་ཀྱི་ཁུལ་འཕྱིང་དང་གནག་ཕྱུགས་ཀྱི་རྔ་མ་སོགས་ལྗོངས་རྒྱུའི་བཟོ་རྩལ་ཐོན་རྫས་ཉེ་བའི་ལོ་ཤས་རིང་ཚོང་རྒྱུག་འགོ་ཚུགས། མིག་སྔར། བོད་ལྗོངས་ལ་གནག་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས20ལྷག་དང་གནག་ཕྱུགས་མ་ལག་གི་ཐོན་རྫས་རིགས་བརྒྱ་ལྷག་ཡོད་པ་རེད། པར་འདི་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་ཆུ་མདོང་རྒྱང་ཤང་གི་འབྲོག་པས་རླུང་བྱས་སྐམ་པའི་གནག་ཕྱུགས་ཤ་བསྡུ་བཞིན་པ།