མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛུགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-01-10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛུགས་བྱ་བའི་གྲོས་ཚོགས་ཟླ1པོའི་ཚེས7ཉིན་ཟི་ལིང་ནས་བསྡུས། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་། ཁྲིམས་འཛུགས་བྱ་བའི་ཐད་གནས་པའི་གནས་བབ་གསར་བ་དང་ལས་འགན་གསར་བར་དབྱེ་ཞིབ་ཟབ་མོ་བྱས་པར་མ་ཟད། ཕྱིན་ཆད་དུས་སྐབས་ཤིག་གི་ཁྲིམས་འཛུགས་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གཉིས་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིན་ཧི་དང་དབང་མོ། མཱ་ཝེ། ཚའོ་ཧུང་བཅས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་སྟེང་བལྟས་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་པ་རྒྱུན་འཁྱོངས་བྱས་ནས། ད་ལྟ་ལག་ལེན་ཏུ་བསྟར་བ་དང་ཕན་ནུས་ལྡན་པའི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བརྒྱ་དང་ལྔ་དང་། ཟི་ལིང་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སུམ་ཅུ། རང་སྐྱོང་སྲོལ་ཡིག་དང་སྲོལ་ཡིག་རྐྱང་མ་བརྒྱ་དང་བཅོ་བརྒྱད་བཅས་ཡོད་པས། བཅའ་ཁྲིམས་དང་ཁྲིམས་ལུགས་མཚོ་སྔོན་ཞིང་ཆེན་དུ་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱས་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱས་ཡོད་པར་སྙམ།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ས་གནས་ཁྲིམས་འཛུགས་ལས་ཁུངས་དང་ཁྲིམས་འཛུགས་བྱ་བ་སྒྲུབ་མཁན་གྱིས་ཁྲིམས་འཛུགས་བྱ་བའི་མདུན་དུ་གནས་པའི་གནས་བབ་གསར་བ་དང་ལས་འགན་གསར་བར་ངོས་འཛིན་གང་ལེགས་བྱེད་པ་དང་། གནས་བབ་གསར་བའི་འོག་གི་ས་གནས་ཁྲིམས་འཛུགས་བྱ་བའི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོར་དམ་པོར་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁྲིམས་འཛུགས་བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཁུལ་གསུམ་འཛུགས་སྐྲུན་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་ཧུར་ཐག་སྒོས་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། །

  • ལེ་ཚན་སྔོན་མ།:པུར་ཀ་རི་ཡའི་ཙུང་ཐུང་གིས་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:2013ལོར་བོད་ལྗོངས་ཀྱིས་རོང་འབྲོག་པའི་བདེ་སྡོད་ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར25.5དངོས་འབེ
  • དོ་སྣང་ཆེ་བའི་རྩོམ།