མཚོ་ནུབ་བརྙན་འཕྲིན་ཁང་གི《མཐར་མཇུག་གི་སྦྲ་ནག》ཅེས་པར་གསེར་གྱི་མངར་འབྲས་ཀྱི་བྱ་དགའ་ཐོབ་པ།

    མཚོ་སྔོན་པོ་དྲ་བ།    2014-01-08

ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་བརྙན་འཕྲིན་བརྩམས་ཆོས《མཐར་མཇུག་གི་སྦྲ་ནག》ཅེས་པ་དེ་ཡ་གླིང་གི་བརྙན་ཕྲན་དུས་སྟོན་སྐབས་དང་པོའི་སྟེང་གསེར་གྱི་མངར་འབྲས་རྟགས་མའི་ཆེས་ལེགས་མཚོན་རྟགས་བརྩམས་ཆོས་ཀྱི་བྱ་དགའ་དང་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པ་རེད།
  《མཐར་མཇུག་གི་སྦྲ་ནག》ཅེས་པ་ནི་མཚོ་སྔོན་ཚྭ་འདམ་གཞོངས་ཀྱི་མི་ཆོས་ཡུལ་ལྗོངས་དང་དམངས་སྲོལ་རིག་གནས། ཁྱད་ལྡན་ཡུལ་སྲོལ་སོགས་བརྗོད་པའི་བརྙན་འཕྲིན་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ཞིང་། བརྩམས་ཆོས་ཁྲོད་དངོས་ཡོད་ཀྱི་འཚོ་བར་རྐང་ཚུགས་ནས། མི་དམངས་མང་ཚོགས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་གཏམ་རྒྱུད་ཅིག་བརྒྱུད་དེ་སྤྱི་ཚོགས་ཡོངས་སུ་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
 

 
  • ལེ་ཚན་སྔོན་མ།:བོད་ཀྱི་ཆེས་ཐོག་མའི་སྙན་ངག་དྲ་བ་སྟེ་སེན་མགོ་མེ་འབར་དྲ་བ་ཤར་གཏོང་བྱས།
  • ལེ་ཚན་རྗེས་མ།:གླུ་བ་རྟ་མགྲིན་ཚེ་རིང་གི་ཆེད་བསྒྲིགས་གསར་བ《ཕ་སའི་བརྩེ་བ》འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།