མགོ་ལོག་གནམ་གྲུ་ཐང་གི་གཞུང་ལམ་ལ་ཕྱོགས་གཉིས་བཞི་གཤིབ་མ་ལྟར་ལས་རྩིས་ཡོད།

    མཚོ་སྔོན་བོད་ཡིག་གསར་འགྱུར།    2014-01-02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ11པའི་ཚེས7ཉིན།ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས་མགོ་ལོག་གནམ་གྲུ་ཐང་གི་གཞུང་ལམ་བཟོ་འགོད་ཀྱི་ལས་རིམ་དང་པོའི་ཨར་ལས་རི་མོའི་ཇུས་འགོད་ཞིབ་བཤེར་ཚོགས་འདུ་བསྡུས་ཏེ།ལྷན་འཛོམས་ཞིབ་བཤེར་བརྒྱུད་མགོ་ལོག་གནམ་གྲུ་ཐང་གི་གཞུང་ལམ་རིང་ཚད་ནི་སྤྱི་ལེ5.39ཡིན་པ་དང་རིམ་པ་གཉིས་ཅན་གྱི་གཞུང་ལམ་ཚད་གཞི་དང་།ཕྱོགས་གཉིས་བཞི་གཤིབ་མ་ལྟར་ལས་རྩིས་ཡོད།

    གསར་འགོད་པས་ཉེ་ཆར་ཞིང་ཆེན་འགྲིམ་འགྲུལ་ཐིན་ནས་རྒྱུས་ལོན་པ་ལྟར་ན།མགོ་ལོག་གནམ་གྲུ་ཐང་གི་བཟོ་འགོད་ནི་ན་ནིང་རྨང་གཞི་བཏིངས་པ་དང་། རྗེས་སུ་གནམ་གྲུ་ཐང་གི་གཞུང་ལམ་ལས་གཞིའི་ཐོག་མའི་བྱ་བ་དངོས་སུ་བསྒྲུབས་པ་རེད།མགོ་ལོག་གནམ་གྲུ་ཐང་གི་གཞུང་ལམ་ནི་རྟ་བོ་གྲོང་རྡལ་གྱི་ཤར་རྒྱུད་ལམ་མདོ་ནས་མགོ་བརྩམས་པ་དང་། གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་ཐོག་ཁང་གི་མདུན་ཕྱོགས་སུ་ཐོན་ཡོད། ལམ་གྱི་ཞེང་ཚད་མུས17རེད།ལས་ཡུན་ནི་གནམ་གྲུ་ཐང་གི་གཙོ་གཞི་བཟོ་འགོད་དང་གཅིག་མཚུངས་ལྟར་བཀོད་སྒྲིག་བྱས་ཡོད་པས་མཉམ་དུ་འགྲུབ་རྒྱུ་རེད།།     

  • ལེ་ཚན་སྔོན་མ།:མཚོ་སྔོན་ཡུལ་ཤུལ་གྱི་བོད་པའི་རིག་གནས་སྨྱན་བྱད་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་བཙུགས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་བོད་ལྗོངས་ཀྱི་སྤྱི་ཚོགས་གོང་འཕེལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་
  • དོ་སྣང་ཆེ་བའི་རྩོམ།