2013-12-30
ལུགས་གསར་ལོ་སར་གྱི་སྔོན་ཏག་ཏག་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཐེན་ཅིན་གྲོང་ཁྱེར་ལ་ཕེབས་ཏེ་དམངས་འཚོ་ལེགས་བཅོས་དང་བཅོས་སྒྱུར་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་མཛད་པར་མ་ཟད་མང་ཚོགས་ལ་འཚམས་འདྲི་ཞུས།
ལུགས་གསར་ལོ་སར་གྱི་སྔོན་ཏག་ཏག་ལ།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཐེན་ཅིན་གྲོང་ཁྱེར་ལ་ཕེབས་ཏེ་དམངས་འཚོ་ལེགས་བཅོས་དང་བཅོས་སྒྱུར་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་མཛད་པར་མ་ཟད་མང་ཚོགས་ལ་འཚམས་འདྲི་ཞུས།
ལིས་ཁི་ཆང་ཐེན་ཅིན་དང་པེ་ཅིན་མཉམ་འབྲེལ་ལས་སྤེལ་ལྟེ་གནས་ལ་ཕེབས་ནས་ན་གཞོན་ལས་སྤེལ་མཁན་ལ་འཚམས་འདྲི་ཞུས་པ་དང་།ཐོན་རྫས་གསར་སྤེལ་དང་བཀོལ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད་ཁོ་ཚོའི་ལས་སྤེལ་གནས་ཚུལ་ཞིབ་འདྲི་མཛད།ལིས་ཁི་ཆང་གིས་གསུངས་རྒྱུར།གསར་སྐྲུན་ལས་སྤེལ་མཁན་ཇི་ལྟར་མང་ན་སྤྱི་ཚོགས་ལ་གསོན་ཤུགས་དེ་ལྟར་རྒྱས་བ་དང་སྔར་ལས་མང་བའི་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ་ཡིན།ཁྱོད་ཚོས་འཚོ་བའི་ཆེད་དུ་བྱ་བ་བསྒྲུབ་དགོས་ལ་བྱ་བའི་ཆེད་དུ་འཚོ་བ་རོལ་དགོས།ད་ལྟ་གཞུང་སྒྲུབ་ཅོག་ཙེ་གཅིག་མ་གཏོགས་མེད་ནའང་ཁེ་ལས་ཆུང་བ་ནས་ཆེ་བར་འཕེལ་རྒྱས་སུ་འགྲོ་བ་ཡིན་ཟེར།
ཞི་ཡུས་ཀྲུང་ཁང་རྙིང་སྒྱུར་བཀོད་ས་ཁུལ་དུ་ལིས་ཁི་ཆང་སྡོད་དམངས་ཁྱིམ་ཚང་ལྔ་བར་ཕེབས་ནས་སྡོད་ཁང་གི་ཆ་རྐྱེན་སོགས་ལ་གཟིགས་ཞིབ་གནང་།ཁོང་གིས་ཁྱོད་ཚོའི་སྡོད་ཁང་ལ་དཀའ་ཁག་ཆེ་བ་ང་ཚོས་མཐོང་བྱུང་བས།སྲིད་གཞུང་དང་ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་བྱས་ནས་ཁྱོད་ཚོ་མྱུར་དུ་ཁང་བ་གསར་བར་གནས་སྤོར་དུ་འཇུག་པ་ཡིན་ཞེས་བསྟན།
ལིས་ཁི་ཆང་ཏ་དབྱིན་མིན་བཟོ་ཚོང་ཁང་དུ་ཕེབས་ནས་ཁོ་ཚོའི་འགྲོ་ལུགས་སྟབས་བདེ་དང་གྲོན་དངུལ་བསྡུ་བ་མེད་པར་བཏང་བ།ལྟ་རྟོག་དོ་དམ་འཐུས་ཚང་ཡིན་པ་སོགས་ཀྱི་སྒྲུབ་སྟངས་ལ་ཁས་ལེན་གང་ལེགས་མཛད།ཁོང་གིས་གསུངས་རྒྱུར།ད་ལྟ་མང་ཚོགས་ཀྱི་སྣ་མང་དགོས་མཁོ་ཧ་ཅང་ཆེ་བས་ང་ཚོས་སྲིད་འཛིན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་མར་བྱིན་ནས་ཚོང་རར་གསོན་ཤུགས་ཆེ་རུ་སྐུལ་དགོས་ཟེར།
ལིས་ཁི་ཆང་གིས་ཐེན་ཅིན་གྲོང་ཁྱེར་གྱིས་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་།ཐེན་ཅིན་ནི་བྱང་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་གལ་ཆེན་ཞིག་ཡིན་པའི་ཆ་ནས་སྐོར་ཐེངས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འགྲན་རྩོད་ཁྲོད་དུ་སྣེ་ཁྲིད་དམག་དཔུང་གི་ནུས་པ་ཆེན་པོ་བཏོན་ནས།ཧུར་ཐག་སྒོས་དངུལ་གཏོང་དང་ཞབས་ཕྱིའི་ཉོ་ཚོང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་བྱེད་པར་འཚོལ་ཞིབ་བྱེད་དགོས་ཞེས་གསུངས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10