མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-02-14
ཟླ2པའི་ཚེས11ཉིན།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གྲོས་ཚོགས་སྟེང་གསུང་བཤད་གནང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གཉིས་གྲོས་ཚོགས་སུ་ཞུགས།
ལིས་ཁི་ཆང་གིས་རིམ་པ་སོ་སོའི་སྲིད་གཞུང་དང་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་སྐོར་གྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས།བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ལ་ཁྲིམས་ཐག་གཅོད་པ་དང་།ཆབ་སྲིད་ཀྱི་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ།བཅོས་བསྒྱུར་གཙིགས་འཛིན་དང་ལམ་ལུགས་འཛུགས་སྐྲུན་བྱེད་པར་བརྟེན་ནས་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད།མི་དམངས་མང་ཚོགས་ཡིད་ཚིམསཔའི་གྲུབ་འབྲས་གསར་བ་ལེན་པར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།
ལིས་ཁི་ཆང་གིས་བཤད་རྒྱུར།འདས་པའི་ལོ་གཅིག་གི་རིང་ལ།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བརྩིས་ནས།ཆབ་སྲིད་ཀྱི་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ་དང་།ལྟ་སྐུལ་ལ་ཤུགས་སྣོན་པ།ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་འཛིན་བྱེད་པ།རུལ་སུངས་གཙང་སེལ་བྱེད་པ་བཅས་བྱས་ནས།རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས།ཡིན་ན་ཡང་།ཁྱབ་ཁོངས་ཁ་ཤས་སུ་ད་རུང་རུལ་སུངས་གནད་དོན་འབྱུང་བཞིན་ཡོད་ལ།ཀྲུང་དབྱང་གི་ཆོད་དོན་བརྒྱད་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དོན་ཚན་ཁ་ཤས་ལག་བསྟར་བྱེད་པའི་ཐད་ནས་ད་རུང་ཁྲིམས་འགལ་ལུགས་འགལ་གྱི་གནས་ཚུལ་འབྱུང་བཞིན་ཡོད་པས།ལིས་ཁི་ཆང་གིས་ཀྲུང་དབྱང་གི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་སྐོར་གྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ།བཀའ་ཡོད་ན་ངེས་པར་དུ་ལག་བསྟར་བྱེད་དགོས་པ་དང་།བཀག་སྡོམ་ཡོད་ན་ངེས་པར་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ།རུལ་སུངས་པར་ངེས་པར་དུ་ངོ་རྒོལ་བྱེད་པ།ལྐོག་ཟ་བྱེད་མཁན་ལ་ངེས་པར་དུ་ཁྲིམས་ཐག་གཅོད་དགོས་ཞེས་ནན་གྱིས་གསུངས།
ལིས་ཁི་ཆང་གིས་ད་ལོའི་སྲིད་གཞུང་གི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་བྱ་བའི་ཐད་ལ་རེ་བ་དྲུག་བཏོན་པ་སྟེ།གཅིག་ནི་མུ་མཐུད་དུ་ཀྲུང་དབྱང་གི་ཆོད་དོན་བརྒྱད་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དོན་ཚན་ཁ་ཤས་ལག་བསྟར་ནན་མོ་བྱེད་དགོས་པ་དང་།གཉིས་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་མར་སྤྲོད་པའི་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།གསུམ་ནི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱ་བའི་རྨང་གཞིའི་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས།བཞི་ནི་སྤྱི་པའི་མ་དངུལ་དོ་དམ་དང་ལྟ་སྐུལ་ནན་མོ་བྱེད་དགོས།ལྔ་ནི་སྲིད་དོན་ཡོངས་སྒྲོག་བྱ་བ་བཟང་བོར་སྒྲུབ་དགོས།དྲུག་ནི་སྲིད་འཛིན་སྒྲིག་ཁྲིམས་ནན་འཛིན་བྱེད་དགོས་པ་བཅས་ཡིན་ཟེར།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་ཝང་ཡང་།མཱ་ཁེ།རྒྱལ་སྲིད་ཨུ་ཡོན་ཁྲང་ཝན་ཆོན་དང་དབྱང་ཅེ་ཁྲི།ཀའོ་ཧྲིན་ཁུང་།ཝང་ཡུང་བཅས་གྲོས་ཚོགས་སུ་ཞུགས།རྒྱལ་སྲིད་ཨུ་ཡོན་དབྱང་ཅིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཀྲའོ་ཧུང་ཀྲུའུ་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས།
ལྟ་ཞིབ་པུའུ་དང་ནོར་སྲིད་པུའུ།ཧུའུ་པེ་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགན་ཁུར་བ་གཙོ་བོས་གྲོས་ཚོགས་སྟེང་གཏམ་བཤད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10