ལིག་ཡུན་ཧྲན་གྱིས་ཧྲན་ཏུང་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-11-19

ལིག་ཡུན་ཧྲན་གྱིས་ཧྲན་ཏུང་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད་པ།
སྤྱི་ཟླ11པའི་ཚེས15ཉིན་ནས་ཚེས17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྲན་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། པར་འདི་ནི་ཚེས་བཅུ་དྲུག་ཉིན་ལིག་ཡུན་ཧྲན་གྱིས་ཅི་ནན་ཏེན་ལིག་སྡེ་བ་གསར་བའི་སྡོད་ཁུལ་དང་པོར་གཞི་རིམ་གྱི་ཏང་འཛུགས་བྱ་བར་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།


 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཉེ་ལམ་ཧྲན་ཏུང་ཞིང་ཆེན་དུ་བྱ་བར་གཟིགས་ཞིབ་མཛད་སྐབས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བགྲོད་ལམ་གསར་བའི་མགོ་ཚུགས་པར་མ་ཟད། དེའི་གནད་འགག་ནི་བཅོས་བསྒྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བཅོས་བསྒྱུར་གྱི་ཐུན་མོང་གི་ལྟ་བ་གཅིག་སྡུད་བྱེད་པ། སྤྱོད་ཚུལ་བཟང་བོར་བརྟེན་ནས་དངོས་འབེབ་དམ་འཛིན་བྱས་ཏེ། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བཀོད་སྒྲིག་དེ་ལག་ལེན་དངོས་སུ་བསྒྱུར་རྒྱུ་དེ་ཡིན་ཟེར།

ཟླ11པའི་ཚེས15ཉིན་ནས་ཚེས17ཉིན་བར། ལིག་ཡུན་ཧྲན་སྔ་གཞུག་ཏུ་ཡན་ཐའེ་དང་ཝེ་ཧེ། ཅི་ནན་བཅས་ས་ཁུལ་དུ་སོང་སྟེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཉན། ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཚང་མས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་ཐུབ་པ་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ཡིན་ལ། སྔར་ལས་བདེ་སྐྱེད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་དགོས་ན་བཅོས་བསྒྱུར་སྒོ་འབྱེད་ལ་བརྟེན་དགོས་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་མི་དམངས་མང་ཚོགས་ལ་བདེ་སྐྱིད་ལྡན་པར་བྱེད་རྒྱུ་ཡིན་ལ། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོས་སྔར་ལས་འདྲ་མཉམ་གྱིས་མི་དམངས་ཡོངས་ལ་ཕན་འདོགས་རྒྱུ་དེ་ཡིན་ཟེར།

གཟིགས་ཞིབ་མཛད་སྐབས། ལིག་ཡུན་ཧྲན་གྱིས་ད་རུང་སོ་སོར་གཞི་རིམ་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་དང་། ཧྲན་ཏུང་དང་ཅང་སུའུ། ཨན་ཧོས། ཧི་ནན་བཅས་ཞིང་ཆེན་བཞིའི་ཏང་ཨུའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཐད་ནས་ཚང་མའི་བསམ་འཆར་ལ་ཉན། ཁོང་གིས་གསུངས་རྒྱུར། སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བ་དང་། ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་ཁག་ཐེག་གལ་ཆེན་ཞིག་ཀྱང་ཡིན། ད་ལྟ་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་དེ་དག་ཐེར་བཅོས་བསྒྱུར་དང་དངོས་འབེབ། སྒྲིག་ལམ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་དུས་རིམ་དུ་བསླེབས་ཡོད། དེ་ནི་སློབ་གསོ་ལག་ལེན་བྱ་འགུལ་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཀྲུང་དབྱང་གི་བཀོད་སྒྲིག་ལྟར་དམ་འཛིན་དང་ལེགས་འཛིན་བྱེད་དགོས་ཟེར།  །

  • ལེ་ཚན་སྔོན་མ།:ལྷ་སའི་རིག་གནས་ཀྱི་མཚོན་རྟགས་ཏེ་བར་སྐོར་ཚོང་ཁྲོམ་གྱི་རྣམ་པ་གསར་པས་མགྲོན་པོ་བསུས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ཞིང་སྡེའི་འཐུང་ཆུ་བཟོ་འགོད་ལས་མི་ཁྲི62.47ལྷག་གི་འཐུང་ཆུ་གནད་དོན་ཐག་གཅོད་བ
  • དོ་སྣང་ཆེ་བའི་རྩོམ།