ཟླ་བ11པའི་ཚེས6ཉིན། 2013ཀྲུང་གོའི་ཆིང་ཏའོ་ཡི་མཚོ་ཐོག་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་མཐོ་གྲས་གྲོས་ཚོགས་དེ་ཧྲན་ཏུང་ཆིང་ཏའོ་རུ་འཚོགས་ཤིང་། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུའི་འགན་ཁུར་མི་སྣ་དང་མཚོ་རྒྱུད་དཔལ་འབྱོར་བཅོས་བསྒྱུར་འཕེལ་རྒྱས་ཚོད་ལྟ་བྱེད་སའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འཐུས་མི་དང་རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ལྡན་པའི་ཆེད་ལས་མཁས་པ་སོགས་མི300ལྷག་གིས་ཚན་རྩལ་དང་འཇོན་ལྡན་མི་སྣ། དངུལ་རྩ་དང་ཐོན་ལས་མཉམ་བསྲེས་ཀྱི་བརྗོད་བྱ་གཙོ་བོ་བྱས་ཏེ་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུའི་ལམ་བུར་དཔྱད་བསྡུར་བྱས་ནས་རྒྱ་མཚོའི་དཔལ་འབྱོར་སྟོབས་ཆེ་བའི་རྒྱལ་ཁབ་འཛུགས་པར་བསམ་འཆར་འདོན་པ་དང་ཐབས་ཇུས་འབུལ་བ་རེད།