རྨ་ལྷོ་ཁུལ་དེ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་མང་པོ་འདུས་སར་གྱུར་པ།
མཚོ་སྔོན་གསར་འགྱུར་དྲ་བ། 2014-02-19
ཉེ་བའི་ལོ་འགའི་རིང་།མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྲིད་གཞུང་གི་གཙོ་ཁྲིད་བྱེད་ནུས་དེ་གནད་སར་བརྩིས་ནས།སྐྱེ་ཁམས་ཁུལ་སྲུང་སྐྱོང་འཛུགས་སྐྲུན་གྱི་རྩ་འཛུགས་མགོ་ཁྲིད་ལ་དངོས་གནས་ཤུགས་བསྣན་ཏེ།ཞིང་ཆེན་དང་ཁུལ།རྫོང་བཅས་རིམ་པ་གསུམ་གྱི་མགོ་ཁྲིད་མཐུན་སྦྱོར་དོ་དམ་ལས་ཁུངས་བཙུགས་ནས་གོང་འོག་བར་གསུམ་གྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་དང་སྐྱེ་ཁམས་ཁུལ་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་རྣམ་པ་ལེགས་པོ་ཆགས་པ་དང་།བྱ་བ་སོ་སོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད།རྨ་ལྷོ་ཁུལ་དེ་ནུབ་བྱང་ཞིང་ལྗོངས་ལྔའི་ས་ཁུལ་གྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་དང་།རྒྱལ་རིམ་པ་དང་ཞིང་ཆེན་རིམ་པའི་བཟོ་རྩལ་མཛེས་རྩལ་པ།རྒྱུད་འཛིན་པ་བཅས་ཆེས་མང་པའི་ས་ཁུལ་དུ་གྱུར་ཡོད།
2013ལོའི་ལོ་མཇུག་བར་དུ།རྨ་ལྷོ་ཁུལ་ཡོངས་ལ་རིམ་པ་སོ་སོའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་གཞི114ཡོད་པ་དང་།ཀྲུང་གོ་བཟོ་རྩལ་མཛེས་རྩལ་པ4།ཞིང་ཆེན་རིམ་པའི་བཟོ་རྩལ་མཛེས་རྩལ་པ་དང་དམངས་ཁྲོད་མཛེས་རྩལ་པ42།རིམ་པ་སོ་སོའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྒྱུད་འཛིན་པ102།རེབ་གོང་རིག་གནས་ཀྱི་ལས་ཞུགས་མི་སྣ་མི་ཁྲི2.24།ཐོ་འགོད་བྱས་པའི་རིགས་སོ་སོའི་རེབ་གོང་རིག་གནས་ཁེ་ལས120བཅས་ཡོད།རིག་གནས་ཐོན་ལས་བདག་གཉེར་ཁྱིམ་ཚང4465དང་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་དཔེ་སྟོན་ཁྱིམ་ཚང80།དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་དཔེ་སྟོན་སྡེ་བ19།དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་དཔེ་སྟོན་ལས་ཁུངས3།དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཕྱོགས་བསྡུས་རྒྱུད་འཛིན་སློབ་སྦྱོང་ལྟེ་གནས6བཅས་ཡོད་པ་དང་།རེབ་གོང་རིག་གནས་ཐོན་ལས་ཀྱི་ལོ་ཧྲིལ་བོའི་ཡོང་སྒོ་སྒོར་ཁྲི37249ལ་སླེབས་ཡོད། །