བོད་ལྗོངས་ནག་ཆུ་རྫོང་གིས་དབུལ་ཕོངས་སློབ་ཆེན་སློབ་མ100ལ་སློབ་སྐྱོར་རོགས་དངུལ་རྩིས་སྤྲོད་བྱས་པ།

མཁའ་མཚོ་སྐྱིད་བསྒྱུར།    བོད་ལྗོངས་ཉིན་རེའི་ཚགས་པར།    2013-10-31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་གིས2013ལོའི་ལོ་སྨད་ཀྱི་དབུལ་ཕོངས་སློབ་ཆེན་སློབ་མའི་སློབ་སྐྱོར་རོགས་དངུལ་རྩིས་སྤྲོད་བྱེད་པའི་མཛད་སྒོ་སྤེལ།

ནག་ཆུ་རྫོང་གི་དབུལ་ཕོངས་སློབ་ཆེན་སློབ་མའི་སློབ་སྐྱོར་རོགས་དངུལ་གྱི་རོགས་སྐྱོར་འཆར་གཞི་དང་སྲིད་ཇུས་ཀྱི་འབྲེལ་ཡོད་ཆོད་དོན་ལྟར། ནག་ཆུ་ས་ཁུལ་སློབ་གསོ་ཅུའུ་ཡི་ལས་བྱེད་མི་སྣས་བསྡོམས་རྩིས་དང་ལེགས་འདེམས་ནན་ཏན་བྱས་པ་བརྒྱུད་རོགས་སྐྱོར་བྱ་ཡུལ100གཏན་ཁེལ་བྱས། རྫོང་ཡོངས་ཀྱི་དབུལ་ཕོངས་སློབ་ཆེན་སློབ་མ་མང་བའི་དོན་དངོས་དང་བསྟུན་ནས། སློབ་ཆེན་སློབ་མའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་མཚམས་ཆེད་པ་ཁག་ཐེག་བྱེད་ཆེད། འབྲེལ་ཡོད་སྡེ་ཁག་གིས་བོད་སྐྱོར་ཐབས་ལམ་བརྒྱུད་དེ་བསྡོམས་པས་མ་དངུལ་སྒོར274600གྲབས་གསོག་བྱས་ཏེ། འདྲ་མཉམ་དང་། གཞུང་དྲང་། ཡོངས་གྲགས་ཀྱི་སྒོ་ནས་སྒོར་མོ་དེ་དག་རྩིས་སྤྲོད་བྱས་པ་རེད།  །

  • ལེ་ཚན་སྔོན་མ།:གླུ་བ་བཀྲ་ཤིས་ཉི་མ་སོགས་ཀྲུང་དབྱང་བརྙན་འཕྲིན་ཁང་གི《ཀྲུང་གོའི་དམངས་གླུ》ལེ་ཚན་ཕབ་སྐྲུན་དུ་ཞུགས།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་རོང་འབྲོག་ཁུལ་མང་ཚོགས་ཁྲི188ལྷག་ལ་སྡོད་ཁང་འཛུགས་སྐྲུན་ལས་ཕན་ཁེ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།