ནོར་སྲིད་པུའུ་དང་དམངས་སྲིད་པུའུ་གཉིས་ཀྱིས་ཀྲེན་ཅང་དང་ཧྥུ་ཅན་ལ་ཀྲུང་དབྱང་གི་རང་བྱུང་གནོད་སྐྱོན་འགོག་སའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུར་ཕྱུར1.18བཏང་།
(གངས་སྐྱིད་ཀྱིས་བསྒྱུར།) 2013-10-25
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ10པའི་ཚེས16ཉིན་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་དང་དམངས་སྲིད་པུའུ་གཉིས་ཀྱིས་གོང་ཚེས་ཉིན་ཀྲེན་ཅང་དང་ཧྥུ་ཅན་ལ་ཀྲུང་དབྱང་གི་རང་བྱུང་གནོད་སྐྱོན་འགོག་སའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.18བཏང་སྟེ་ད་ལོར་“ཧྥེ་ཐན”ཞེས་པའི་རྒྱ་མཚོའི་རླུང་འཚོབ་ཨང་རྟགས23བྱུང་ནས་བཟོས་པའི་ཆུ་ལོག་དང་ཞོན་སྐྱོན་གྱི་གནོད་སྐྱོན་ཐེབས་པའི་མང་ཚོགས་བྲེལ་མྱུར་བཀོད་སྒྲིག་བྱེད་པ་དང་། བར་བརྒལ་རང་བཞིན་གྱི་འཚོ་བའི་སྐྱོབ་རོགས། ལོག་པ་དང་ཧྲུལ་པའི་སྡོད་ཁང་བསྐྱར་འཛུགས་བྱེད་སའི་ཐད་སྤྱོད་པ་དང་། གནོད་སྐྱོན་ནང་རྐྱེན་དབང་དུ་ཤི་བའི་ཁྱིམ་མིར་སེམས་གསོའི་མ་དངུལ་སྤྲོད་རྒྱུ་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་སྐྱོབ་རོགས་ལས་ཀ་ཡག་པོ་སྒྲུབ་པར་རོགས་རམ་བྱས་ཡོད།
གནོད་སྐྱོན་མ་བྱུང་སྔོན་དུ་རྒྱལ་ཁབ་རྒུད་སྐྱོབ་ཉུང་གཏོང་ཨུ་ལྷན་དང་དམངས་སྲིད་པུའུ་ཡིས་“ཧྥེ་ཐན”ཞེས་པའི་རྒྱ་མཚོའི་རླུང་འཚོབ་གནོད་སྐྱོན་ཡོང་གྲབས་ཡོད་པར་དམིགས་ཏེ་སྔོན་རྗེས་སུ་རྒུད་སྐྱོབ་སྔོན་ཚུད་ཀྱི་ཉེན་བརྡ་དང་ལེན་དང་། རྒྱལ་ཁབ་གྱི་རིམ་པ་བཞིའི་རྒུད་སྐྱོབ་བབ་བསྟུན་གྱི་དང་ལེན་ཞུ་འགོ་བཙུགས་ཡོད་། དུས་མཚུངས་སུ་ལས་སྒྲུབ་ཚོ་ཆུང་ཀྲེན་ཅང་དང་ཧྥུ་ཅན་ཞིང་ཆེན་གཉིས་ཀྱི་གནོད་ཐེབས་ས་ཁུལ་དུ་གནོད་སྐྱོན་ཐེབས་ཚུལ་ལ་རྟོག་ཞིབ་བྱས་ཏེ་རྒུད་སྐྱོབ་ལས་ཀ་སྤེལ་བར་རོགས་རམ་བྱེད་ས་མངགས་ཡོད་པ་རེད།