སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་དཀར་མཛེས་ཁུལ་གྱི་ཆེད་སྟོན་རིག་རྩལ་འཁྲབ་སྟོན།

གངས་དབང་།        2013-10-21

    སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་དཀར་མཛེས་ཁུལ་གྱི་ཆེད་སྟོན་རིག་རྩལ་འཁྲབ་སྟོན།

    
ཟླ10པའི་ཚེས20ཉིན་གྱི་དགོང་མོར་སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་དཀར་མཛེས་ཁུལ་གྱི་ཆེད་སྟོན་རིག་རྩལ་དེ་ཆབ་མདོ་ས་ཁུལ་གྱི་ཚོགས་འདུའི་ལྟེ་གནས་ཀྱི་སྙན་ཞུ་ཁང་དུ་འཁྲབ་སྟོན་བྱས་པ་རེད།དཀར་མཛེས་ཁུལ་གྱི་གླུ་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་དར་མདོའི་མཛའ་གཞས་དང་དཀར་མཛེས་ཞབས་བྲོ།རྒྱལ་རོང་སྒེག་ཉམས།མ་ཎི་སྐོར་བྲོ།ཟླ་བར་འགྲོགས་པ་སོགས་དགའ་བའི་བྲོ་དང་སྐྱིད་པའི་གླུ་ཡིས་ཆབ་མདོ་ས་ཁུལ་དང་ཁུལ་གསུམ་ནས་ཡོང་བའི་དབུ་ཁྲིད་དང་འཁྲབ་སྟོན་པ།མང་ཚོགས་རྣམས་ཀྱི་ཡིད་དབང་འཕྲོག་ལ་མཐར་གོས་རྒྱན་འཁྲབ་སྟོན་པ་རྣམས་ཀྱིས་སྒེག་པའི་ཉམས་དང་དཔའ་བའི་ཉམས་ཀྱིས་དཀར་མཛེས་ཁུལ་གྱི་གོས་རྒྱན་རིག་གནས་དང་བཅས་པ་ལྟད་མོ་བ་རྣམས་ལ་འགྲེམ་སྟོན་བྱས་པས་དགའ་བསུ་ཆེན་པོ་ཐོབ།
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དུ་ཁམས་པའི་རྒྱན་གོས་འགྲེམ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།