ཞི་ཅིན་ཕེན་གྱིས་འབར་མའི་རྒྱལ་སྲུང་དམག་དཔུང་གི་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-10-18

ཞི་ཅིན་ཕེན་གྱིས་འབར་མའི་རྒྱལ་སྲུང་དམག་དཔུང་གི་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།

 སྤྱི་ཟླ10བའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་རྒྱལ་སྲུང་དམག་དཔུང་གི་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།
  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས16ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་རྒྱལ་སྲུང་དམག་དཔུང་གི་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།
  མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་རྒྱལ་སྤྱིའི་གནས་བབ་དང་རྒྱལ་སྤྱིའི་རྣམ་པར་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་། ཀྲུང་གོ་དང་འབར་མའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། རྒྱལ་སྤྱི་དང་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ཆེན་པོ་གསལ་བོར་ཤེས་པར་བྱས་ཏེ། འཐབ་ཇུས་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པར་མ་ཟད། དངོས་གཉེར་མཉམ་ལས་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་འདོད་ཡོད་ཟེར།
  མེན་ཨང་ལེ་ཡིས་བཤད་རྒྱུར། འབར་མ་དང་ཀྲུང་གོའི་བར་དུ་ཡུན་རིང་གི་མཛའ་མཐུན་གོམས་སྲོལ་ལྡན་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་གྱི་འབྲེལ་བ་ནམ་ཡང་ཇེ་བཟང་དུ་འགྲོ་བཞིན་ཡོད། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཝུན་ལའེ་དང་ཐེ་གོ ཡའོ་ནན་བཅས་ལ་འཚམས་འདྲི་མཛད་ཚར་ནས་་ཕྱིར་པེ་ཅིན་དུ་ལོག
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་གྲོས་ཞུགས་ཁང་གི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
  • དོ་སྣང་ཆེ་བའི་རྩོམ།