བོད་ལྗོངས་ཀྱི་ཟློས་གར་གཉིས་ལ་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་གྱི་ཀྲུང་ཧྭའི་རིག་གནས་བྱ་དགའ་ཐོབ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-10-11

བོད་ལྗོངས་ཀྱི་ཟློས་གར་གཉིས་ལ་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་གྱི་ཀྲུང་ཧྭའི་རིག་གནས་བྱ་དགའ་ཐོབ།
ཟླ10བའི་ཚེས6ཉིན། བོད་ལྗོངས་ཀྱི་ཁྱད་འཕགས་གླུ་གར་འདུ་འཛོམས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་གླུ་གར་འཁྲབ་གཞུང་ཆེ་གྲས་ཡིད་འཕྲོག་བོད་ལྗོངས་ཞེས་པའི་འཁྲབ་སྟོན་པ100ལ་ཉེ་བ་ལྷ་ས་ནས་ལམ་ལ་ཆས་མགོ་བརྩམས་ཏེ་ཟླ10བའི་ཚེས11ནས་ཚེས26བར་ཧྲན་ཏུང་དུ་སྤེལ་རྒྱུ་ཡིན་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བར་ཞུགས་རྒྱུ་ཡིན་པ་དང༌། སྐབས་དེར་ཁོ་ཚོས་རྒྱལ་ཁབ་ཕྱི་ནང་གི་གཟིགས་མོ་བར་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གླུ་གར་རིག་གནས་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།

རྒྱུས་ལོན་པ་ལྟར་ན། གླུ་གར་གྱི་ལམ་ནས་བོད་རིགས་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མཚོན་པར་བྱེད་པ་བརྗོད་བྱ་རུ་བཟུང་བའི་གླུ་གར་འཁྲབ་གཞུང་ཆེ་གྲས་ཡིད་འཕྲོག་བོད་ལྗོངས་ཞེས་པ་དེ་ནི། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་སྒྲིག་བཟོ་བྱས་པ་དང༌དུས་ཡུན་ལོ་བཞིའི་རིང་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་བརྒྱུད། བོད་ཀྱི་གླུ་གར་ཆེད་ལས་ཀྱི་ཚད་མཐོན་པོ་མཚོན་པའི་བརྩམས་བྱ་ལེགས་ཤོས་ཤིག་ཏུ་གྱུར་ཡོད་པ་དང༌། བོད་ལྗོངས་ཕྱི་ནང་གི་གཟིགས་མོ་བའི་དགའ་བསུ་ཆེན་མོ་ཐོབ་པ་ཡིན།

ཡིད་འཕྲོག་བོད་ལྗོངས་ལས་གཞན་ད་དུང་། ཐེངས་འདིར་བོད་ལྗོངས་ཀྱི་ཚབ་བྱས་ཏེ་ཆེད་ལས་གར་སྟེགས་ལས་གཟེངས་སུ་ཐོན་པར་སྲིད་གཞུང་གི་ཆེས་མཐོའི་བྱ་དགའ་སྟེ་ཀྲུང་ཧྭའི་རིག་གནས་བྱ་དགའ་ཐོབ་པ་ནི་མང་ཚོགས་རང་བཞིན་གྱི་འཁྲབ་སྟོན་རྣམ་གྲངས6སོགས་ཡོད།

མཚམས་སྦྱོར་གནང་བ་ལྟར་ན། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་ནི་ཀྲུང་གོའི་ཚད་གཞི་ཆེས་མཐོ་ཤོས་དང་གཞི་རྒྱ་ཆེས་ཆེ་ཤོས། ཤུགས་རྐྱེན་ཆེས་ཆེ་ཤོས་ཀྱི་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་རྒྱས་འཛོམས་ཤིག་ཡིན་ཞིང་། བོད་ལྗོངས་ཀྱིས་སྔར་གྱི་སྒྱུ་རྩལ་དུས་ཆེན་སྐབས་དགུ་ལ《བཀྲ་ཤིས་སྒང》སོགས་འཁྲབ་སྟོན་གསུམ་ལ་མ་གཏོགས་བྱ་དགའ་ཐོབ་མྱོང་མེད། ཡིན་ཡང་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་དུ་བོད་ལྗོངས་འཐུས་ཚབ་རུ་ཁག་གིས་སྡོམ་པས་འཁྲབ་སྟོན་རུ་ཁག་མི300མངགས་ཡོད་ཅིང་། དེའི་གཞི་རྒྱ་ཆེ་བ་དང་འཁྲབ་སྟོན་རྣམ་གྲངས་མང་བ་སོགས་ནི་སྐབས་སྨོན་མ་དག་ལས་གཟེངས་སུ་ཐོན་ཡོད།།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་
  • དོ་སྣང་ཆེ་བའི་རྩོམ།